སྡུག་བསྔལ་དང་འཚོ་བ་གསར་པ།

—— བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས། ཐུབ་བསྟན་རྒྱལ་མཚན།

༡.jpg

འདི་ནི་བགྲེས་སོང་ཐུབ་བསྟན་རྒྱལ་མཚན་ཡིན་པ།

༢.jpg

འདི་ནི་ཐུབ་བསྟན་རྒྱལ་མཚན་དང་ཁོང་གི་བཟའ་ཟླ་དེ་བཞིན་ཁོང་གི་བུ་མོ་བཅས་མཉམ་དུ་ཁ་བརྡ་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བགྲེས་སོང་ཐུབ་བསྟན་རྒྱལ་མཚན1940ལོར་བོད་ལྗོངས་ལྷོ་ཁར་སྐྱེས་པ་དང་ད་ཆ་གཞིས་རྩེར་འཚོ་བ་སྐྱེལ་བཞིན་ཡོད།

ཐུབ་བསྟན་རྒྱལ་མཚན་གྱི་ཕ་མ་གཉིས་ཀ་ཞིང་བྲན་ཡིན་ཞིང་། ཁོང་ལོ9ལ་སླེབས་སྐབས་ཨ་མ་གྲོངས། ལོ12ལ་སླེབས་སྐབས་ཕ་ཡང་གྲོངས་པས་ཁོང་དང་གཅུང་པོ་དྭ་ཕྲུག་ལ་གྱུར་ནས་ཆགས་ས་རྟེན་ས་མེད་པར་འཁྱམ་པོའི་འཚོ་བ་སྐྱེལ་དགོས་བྱུང་བ་རེད།

ཞིང་བྲན་བྱེད་མི་འདོད་ཅིང་མི་ཁྲལ་འཇལ་མི་ཐུབ་པས་ཐུབ་བསྟན་རྒྱལ་མཚན་ལྷ་སར་བྲོས་བྱོལ་དུ་ཡོང་། ལྷ་སར་སླེབས་རྗེས་ཁོང་གིས་ཉིན་མོ་ལྟོ་སློང་བ་དང་མཚན་མོ་ཁྲོམ་གཞུང་དུ་ཉལ་ནས་འཚོ་བ་བསྐྱལ་མཐར་མི་ཚང་ཆེན་པོའི་བྲན་གཡོག་བྱེད་དགོས་བྱུང་ཡོད། ཉིན་གང་ལས་ཀ་བྱས་ཀྱང་འཚོ་བའི་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡོད།

༣.jpg

འདི་ནི་བགྲེས་སོང་ཐུབ་བསྟན་རྒྱལ་མཚན་གྱི་ཐོབ་ཐང་དཔང་ཡིག་རེད།

1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་ཐུབ་བསྟན་རྒྱལ་མཚན་ལ་རྦད་དེ་ཡར་ལངས་བཅིངས་འགྲོལ་ཐོབ་ཡོད། 1980ལོར་ཐུབ་བསྟན་རྒྱལ་མཚན་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ལོ་ལྟར་གྱི་རྒྱལ་སྟོན་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་ཐུབ་བསྟན་རྒྱལ་མཚན་གྱིས་རྒྱལ་དར་གསར་པ་ཉོས་ནས་རང་ཁྱིམ་གྱི་ཐོག་ཁར་འཛུགས་ཀྱི་ཡོད།

༤.jpg

འདི་ནི་བགྲེས་སོང་ཐུབ་བསྟན་རྒྱལ་མཚན་གྱིས་ཏང་ཡོན་དཔང་ཡིག་ལ་བལྟ་བཞིན་འཔི་རྣམ་པ་རེད།

ད་ཆ་ཐུབ་བསྟན་རྒྱལ་མཚན་གྱི་ནང་མི་རྣམས་གཞིས་རྩེ་གྲོང་ཁྱེར་དུ་ཡངས་ཤིང་རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་བཟོའི་སྤྲོ་ཁང་ཞིག་ཏུ་འཚོ་བ་སྐྱེལ་བཞིན་ཡོད། “ད་ཆ་ཁྱིམ་དུ་ནང་མི་དྲུག་ཡོད་པ་དང་ཆ་སྙོམས་ཟླ་རེར་ཡོང་འབབ་སྒོར་ཁྲི5ལྷག་ཡོང་གི་འདུག དེ་སྔ་དང་བསྡུར་ན་འཚོ་བ་དངོས་འབྲེལ་སྐྱིད་པོ་རེད”ཅེས་ཐུབ་བསྟན་རྒྱལ་མཚན་གྱིས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།