ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་དངུལ་རྩས་མཐའ་མཚམས་ཀྱི་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་གཟིགས་ཞིབ་གནང་སྐབས། བོད་ལྗོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕེལ་རྒྱས་མཐའ་དག་མི་རིགས་མཐུ་སྒྲིལ་ཡར་ཐོན་དང་དམངས་འཚོ་ལེགས་སུ་གཏོང་བར་ཕན་འདོགས་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་བར་ཕན་པ་ཐོབ་པ་བྱེད་དགོས་ཞེས་གསུངས་ཡོད།

ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་རང་ཉིད“ཏང་གི་དངུལ་ཁང་དང་་། རྒྱལ་ཁབ་ཀྱི་དངུལ་ཁང་། མི་དམངས་ཀྱི་དངུལ་ཁང”ཡིན་པའི་ངོ་བོ་ནམ་ཡང་མ་དོར་བར། ལས་བཟོ་5000ལྷག་ཙམ་བོད་ལྗོངས་ས་མཐོར་གཞི་ཚུགས་པ་མ་ཟད། དེའི་ནང་ལས་བཟོ་70%ཡན་དང་སྒྲིག་གཞི་90%ཡན་རྫོང་དང་རྫོང་མན་གྱི་གཞི་རིམ་གྱི་འཐབ་ས་དང་པོར་ལས་དོན་སྒྲུབ་བཞིན་ཡོད་པ་དང་། ལས་བཟོ་80%ཡན་ས་བབ་མཐོ་ཚད་སྨི་3500ཡན་དུ་ལས་དོན་སྒྲུབ་པ་དང་འཚོ་བ་སྐྱེལ་བཞིན་ཡོད། དངུལ་ཁང་དེའི་ཏང་ཡོན་གཞི་རིམ་ལས་ཚིགས་སུ་ཁེབས་་ཚད་100%ཟིན་ཡོད་ཅིང་། ཏང་ཡོན་གྱི་གདོང་ལེན་རུ་ཁག་དང་ཏང་ཡོན་གྱི་དཔེ་སྟོན་ཁུལ། འགན་འཁྲིའི་ཁུལ་བཅས་བཙུགས་ནས་ཏང་རྩ་འཛུགས་ཀྱི་ནུས་པ་གཞི་རིམ་དུ་སྐྱེ་སྲིང་ཐུབ་ཡོད་པས། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཏང་ཡོན་གྱི་ཁྱད་འཕགས་རང་བཞིན་གྱི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ཡོད། མིག་སྔར། ཇོ་མོ་གླང་མའི་རི་གཤམ་དང་། ཡངས་ཤིང་རྒྱ་ཆེ་བའི་བོད་བྱང་ཐང་། ཐག་རིང་ལུང་ཁུག་གི་རྫོང་གྲོང་དང་ཤང་དང་གྲོང་ཚོ་བཅས་ཚང་མར་ཞིང་ལས་དངུལ་ཁང་གི་དཀའ་སྤྱད་འབད་འཐབ་ཀྱི་དངུལ་རྩའི་ཞབས་ཞུའི་གཟུགས་བརྙན་བཟང་པོ་མཐོང་རྒྱུ་ཡོད་ལ་མཐའ་མཚམས་ཀྱི་གྲོང་གསེབ་དར་རྒྱས་ལ་ཞིང་ལས་དངུལ་ཁང་གིས་ལེགས་སྐྱེས་འབུལ་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།