ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་བོད་ལྗོངས་བོད་སྐད་གློག་བརྙན་སྒྱུར་སྐྲུན་གྱི་བགྲོ་གླེང་ཚོགས་འདུ་དང་གློག་བརྙན་ཕུལ་བྱུང་དཔྱད་འདེམས་དང་གསོ་སྦྱོང་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ60ཡི་རིང་བོད་ལྗོངས་ཀྱིས་བོད་སྐད་ཀྱི་གློག་བརྙན་སྒྱུར་སྐྲུན་བྱས་ནས་ཁྱོན་གློག་བརྙན་སྣ་ཚོགས་3000ཙམ་དང་བརྙན་འཕྲིན་འཁྲབ་ཚན་50ལྷག་ཙམ་ལེགས་སྒྲུབ་བྱས་ཡོད།
བོད་རང་སྐྱོང་ལྗོངས་གློག་བརྙན་སྤྱི་པའི་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 1957ལོར་ཁྲང་ཁྲུན་གློག་བརྙན་བཟོ་སྐྲུན་བཟོ་གྲྭའི་རྒྱབ་སྐྱོར་འོག་བོད་ཀྱིས་བོད་སྐད་གློག་བརྙན་ཐོག་མར་སྒྱུར་བཟོ་བྱེད་འགོ་བཙུགས་ཡོད། 1965ལོའི་ཟླ་11པར་བོད་རང་སྐྱོང་ལྗོངས་གློག་བརྙན་ཀུང་སིས་བོད་སྐད་གློག་བརྙན་སྒྱུར་བཟོ་ཚོགས་ཆུང་བཙུགས་ནས་བོད་ཀྱི་ལོ་རྒྱུས་ཐོག་གི་རང་བརྟེན་སྒྱུར་བཟོ་བྱས་པའི་བོད་སྐད་ཀྱི་སྒྱུར་བཟོའི་གློག་བརྙན་དང་པོ་དེ་ལེགས་སྒྲུབ་བྱས་ཡོད།
ད་ལོ་བོད་རང་སྐྱོང་ལྗོངས་གློག་བརྙན་སྤྱི་པའི་ཞབས་ཞུ་ལྟེ་གནས་ཀྱིས་གློག་བརྙན་93སྒྱུར་བཟོ་བྱས་པའི་ནང་ཚན་སློབ་ཀྱི་གློག་བརྙན་30ཚུད་ཡོད་པ་དང་། ལྗོངས་ཡོངས་སུ་གློག་བརྙན་སྣ་ཚོགས་ཐེངས་ཁྲི་6.45མངགས་ཉོ་བྱས་པ་ལས། དབུས་སྐད་ཀྱི་གློག་བརྙན་ཐེངས་ཁྲི་3.6དང་། ཁམས་སྐད་ཀྱི་གློག་བརྙན་ཐེངས་48 རྒྱ་སྐད་ཀྱི་གློག་བརྙན་ཐེངས་ཁྲི་2.83བཅས་མངགས་ཉོ་བྱས་ཡོད་པ་རེད། ‘
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཉེ་བའི་ལོ60ཡི་རིང་བོད་ལྗོངས་ཀྱིས་བོད་སྐད་ཀྱི་གློག་བརྙན་སྣ་ཚོགས3000ལྷག་སྒྱུར་སྐྲུན་བྱས་པ།