​གཞིས་ཀ་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡིས་ཁོར་ཡུག་ཁྲིམས་འཛིན་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་ཡག་པོ་བསྲུངས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས“ཁྲིམས་འཛིན་དམག་སྦྱོང་ཆེ་མོའི”ལས་ཀའི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ། ཐབས་མང་མཉམ་སྤྱོད་དང་སྡེ་ཚན་མཉམ་སྒུལ་གྱིས། ལས་ཀའི་རྣམ་འགྱུར་ནན་པོར་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་ཡོད།

གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་འགན་ལེན་བྱས་ནས་ཚན་རྩལ་ཁྲིམས་འཛིན་གྱི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་ཆེད། གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཁར། ས་གནས་ས་ཐོག་མིན་པའི་ཁྲིམས་འཛིན་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས། ས་གནས་ས་ཐོག་མིན་པའི་ཁྲིམས་འཛིན་གྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་སྟེ། གཅིག་ནས་དྲ་ཐོག་ནས་ལྟ་སྐུལ་ཚོད་འཛིན་གྱི་ལས་སྟེགས་བརྒྱུད་ས་གནས་ས་ཐོག་མིན་པའི་ཁྲིམས་འཛིན་ཁྱབ་སྤེལ་བཏང་ཞིང་། ཁྱོན་མ་དངུལ་སྒོར་ཁྲི་550.86བཏང་བའི་གཞིས་རྩེ་གྲོང་ཁྱེར་གྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་རྣམ་གྲངས་ཀྱི་དྲ་ཐོག་ལྟ་སྐུལ་ཚོད་འཛིན་ལས་སྟེགས་བསྐྲུན་པ་མ་ཟད། བཙོག་འབུད་ཁེ་ལས་ལ་མཐའ་སྣེའི་མཛོད་དང་དུས་ཐོག་ཏུ་སྦྲེལ་མཐུད་བྱ་རྒྱུའི་སྐུལ་འདེད་བཏང་སྟེ། ས་གནས་ས་ཐོག་མིན་པའི་ཁྲིམས་བསྟར་ལ་རིག་ལྡན་ལས་སྟེགས་ནུས་ལྡན་མཁོ་འདོན་བྱས་པ་བརྒྱུད། ཆུ་རླངས་ཀྱི་གཙོ་གནད་སྦགས་བཙོག་ཡོང་ཁུངས་ལ་ཉིན་མཚན་བལྟོས་མེད་ངང་དྲ་ཐོག་ནས་ལྟ་འདོམས་བྱ་རྒྱུ་རིམ་བཞིན་མངོན་འགྱུར་བྱུང་ཡོད། གཉིས་ནས་མི་མེད་གནམ་གྲུས་ས་གནས་ས་ཐོག་མིན་པའི་ཁྲིམས་འཛིན་ལ་རམ་འདེགས་བྱས་ཤིང་། གྲོན་དངུལ་བཏང་ནས་མི་མེད་གནམ་གྲུ་སྒྲིག་སྦྱོར་བྱེད་པ་དང་། མི་སྣ་སྒྲིག་འཛུགས་ཀྱིས་མི་མེད་གནམ་གྲུའི་ཆེད་དོན་གསོ་སྦྱོང་ནང་ཞུགས་པ། བློ་ཁོག་ཆེན་པོས་ལག་ལེན་བསྟར་བ་མ་ཟད། “སུན་པོ་མི་བཟོ་བ་དང་འབྲེལ་གཏུག་མེད་པའི”ས་གནས་ས་ཐོག་གི་ཞིབ་བཤེར་ལས་དོན་རིམ་བཞིན་སྤེལ་བ། མི་མེད་གནམ་གྲུས་ས་གནས་ས་ཐོག་ཏུ་ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་ཆས་འཁོར་སྐྱོད་བྱས་ཚུལ་ལ་སྐོར་ཞིབ་བྱེད་པ། ཟུར་ཚད་མང་པོའི་ལྟ་འདོམས་མངོན་འགྱུར་ཡོང་བ་བྱེད་པ་བཅས་ཀྱི་ཐོག་ནས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་ལས་དོན་སྤེལ་ཤུགས་ཆེ་རུ་ཤུགས་ཆེན་བཏང་ཡོད། 

2021ལོའི་ཟླ་8པར་ཁེ་ལས་ཤིག་གིས་བཙོག་ཆུ་མཐའ་འཁོར་གྱི་ནགས་ཁུལ་དུ་ཐད་ཀར་འབུད་པ་ཤེས་ཏེ། ཆུ་སྤུས་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་PHཡི་ཚད་ཚད་གཞི་ལས་ཚབས་ཆེན་བརྒལ་བ་ཤེས། བརྟག་དཔྱད་དཔང་ལེན་བྱས་པ་བརྒྱུད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》ཀྱི་རྟ་སྒ་ཆ་སྒྲིག་གི་བྱེད་ཐབས《ཐོན་སྐྱེད་ཚོད་འཛིན་དང་ཐོན་སྐྱེད་བྱེད་མཚམས་བཞག་སྟེ་བཅོས་སྒྲིག་བྱེད་རྒྱུའི་བྱེད་ཐབས》ཀྱི་གཏན་འབེབས་དོན་ཚན་དྲུག་པ་གཞིར་བཟུང་། ཁེ་ལས་དེར་ཐོན་སྐྱེད་བྱེད་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་བཅུག་པ་མ་ཟད། ད་དུང་དངུལ་ཆད་སྒོར་ཁྲི་20ཡང་བཅད་པ་རེད། ད་ཐེངས་རྟ་སྒ་ཆ་སྒྲིག་གི་བྱེད་ཐབས་བཞི་སྤྱད་དེ་ཁྲིམས་འགལ་ཁེ་ལས་ལ་ཁྲིམས་ཆད་ནན་པོ་གཅོད་པའི་ཐབས་མང་མཉམ་སྤྱོད་བྱས་ཤིང་། གཞིས་རྩེ་གྲོང་ཁྱེར་དུ“རྟ་སྒ་ཆ་སྒྲིག་བཞིའི”བྱེད་ཐབས་ཐོག་མར་སྤྱད་ནས། གྲོང་ཁྱེར་ཡོངས་ཀྱིས་གོམ་སྟབས་རྗེས་མའི་ཁྲིམས་འཛིན་ལས་དོན་ལ་ཁྲིམས་ལྟར“རྟ་སྒ་ཆ་སྒྲིག་བཞིའི”བྱེད་ཐབས་སྤྱོད་པར་རྨང་གཞི་བརྟན་པོ་བཏིང་ཡོད།

གཞི་རིམ་ལ་རོགས་སྐྱོར་བྱེད་རྒྱུ་འགོ་འཛུགས་སར་བྱས་ཏེ། གཞི་རིམ་ལ་གནད་དོན་འཚོལ་རོགས་དང་། གཞི་རིམ་ལ་རོགས་སྐྱོར་སྐུལ་འདེད། གཞི་རིམ་ལ་ཁ་ཕྱོགས་གསལ་སྟོན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྣོལ་མང་ཁྲིམས་འཛིན་བྱེད་སྒོ་སྤེལ་ཏེ། གཞི་རིམ་ཡན་ལག་ཅུས་དང་ཁེ་ལས་ལ་གནད་དོན་འབྱུང་རྩ་གནད་ལ་འཁེལ་པོས་འཚོལ་རོགས་བྱས་པ་དང་ཐག་གཅོད་བྱེད་ཐབས་བཏོན་པ་མ་ཟད། ད་དུང་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བརྩིས་ནས“བཅའ་ཁྲིམས་ཁེ་ལས་སུ་ཁྱབ་གདལ་གཏོང་བའི”བྱེད་སྒོ་ཁྲིམས་འཛིན་ལག་བསྟར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད། བྱེད་སྒོ་དེ་ཚོགས་ཆུང་བཞི་དང་ཁག་བཞི་ལ་བགོས་ནས་སྤེལ་ཞིང་། ཁྲིམས་འཛིན་མི་སྣ་མི་ཐེངས་1132བཏང་བ་དང་། ཞིབ་བཤེར་ས་ཚིགས་181བཀོད་སྒྲིག་བྱས་པ། ཁྲིམས་འགལ་བྱེད་སྤྱོད་ཡོ་བསྲང་བྱེད་དགོས་པའི་གཏན་འབེབས་ཡི་གེ་69གཤམ་སྤེལ་བྱས་པ། གནད་དོན་གྱི་ཁུངས་སྣེ་23བརྒྱུད་སྤྲོད་བྱས་པ། སྲིད་འཛིན་གྱོད་གཞི་16གྱོད་དོན་ཐོ་འགོད་བྱས་པ། སྣོལ་མང་ཁྲིམས་འཛིན་གྱི་སྤེལ་རེས་དཔྱད་གཞི་25བྲིས། རྫོང་དང་ཆུས་18ཚང་མར་ཁྱབ་པར་བྱས་པ་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་དམག་དཔུང་གི་ལོ་རྒྱུས་ཀྱི་ལས་འགན་དང་འགན་འཁྲི་འཁུར་སེམས་མངོན་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གནས་ཚུལ་མུ་མཐུད་ལེགས་སུ་འགྲོ་བའི་འགན་ལེན་ཡང་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།