ལྷོ་རོང་རྫོང་ཡར་ཤོད་གྲོང་ཚོས་རྒན་གསོ་འགན་བཅོལ་བསྡུ་ལེན་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འགན་གསོ་འགན་བཅོལ་བསྡུ་ལེན་གྱི་ལས་དོན་དུས་བཀག་ལྟར་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱ་ཆེད། ཉིན་ཤས་བསྟུད་མར་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཀྲུང་ཡས་ཤང་ཡར་ཤོད་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས“རུ་མིས་དུང་བརྡ་གཏོང་བ་དང་ལས་བྱེད་པས་འབྱོར་ཐོ་འགོད་པའི”ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི་ལས་བྱེད་པ་མཉམ་དུ་གྲོང་ཚོ་ཁག་གི་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་རྒན་གསོ་འགན་བཅོལ་གྱི་འབྲེལ་ཡོད་སྲིད་ཇུས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པ་དང་ཆབས་ཅིག རྒན་གསོ་འགན་བཅོལ་བསྡུ་ལེན་ལས་དོན་སྤེལ་ནས་མང་ཚོགས་ཀྱིས་རྒན་གསོ་འགན་བཅོལ་སྐྱེལ་བའི་དངོས་ཕན་རང་བཞིན་ལ་ངོས་འཛིན་གང་ལེགས་ཐུབ་པ་མ་ཟད། ད་དུང་མང་ཚོགས་རང་མོས་ངང་རྒན་གསོ་འགན་བཅོལ་ནང་ཞུགས་པ་དང་བློ་བདེ་པོའི་ངང་རྒན་གསོ་ཐུབ་པ་བྱུང་ཡོད།

ལས་དོན་སྤེལ་སྐབས་གྲོང་ཚོ་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་གཅིག་གྱུར་ཡོང་བ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲིའི་སེམས་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་བ་དང་དམངས་ལ་བྱ་བ་དངོས་སྒྲུབ་པའི་མཐོ་ཚད་ཐོག་ནས་སྤྱི་འདོམས་བཀོད་སྒྲིག་དང་མཐུན་སྦྱོར་སྐུལ་འདེད་བཏང་སྟེ་དམངས་འཚོའི་ལས་དོན་དེ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཡག་པོ་བྱས་ཡོད། དེ་དང་ཆབས་ཅིག་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། རྣམ་པ་ཟབ་མོ་གཏོད་པ། འཕྲེད་འགེལ་ཡི་གེ་དང་། སྦྱར་ཡིག དྲིལ་བསྒྲགས་ལེ་ཚན། སྐད་འཕྲིན་སོགས་ལ་བརྟེན་ནས་རྒན་གསོ་འགན་བཅོལ་ནང་ཞུགས་པ་དང་གྲོན་དངུལ་སྐྱེལ་བའི་ལས་དོན་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ཏེ། ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མང་ཚོགས་ཀྱིས་རང་འགུལ་ངང་མུ་མཐུད་འགན་བཅོལ་གྱི་གྲོན་དངུལ་སྐྱེལ་བ་དང་འགན་བཅོལ་ནང་ཧུར་ཐག་ཞུགས་ཐུབ་པ་བྱས་ཡོད། རྒན་གསོ་འགན་བཅོལ་གྱི་གྲོན་དངུལ་བསྡུ་ལེན་གྱི་བརྒྱུད་རིམ་ནང་ཞབས་ཞུའི་སྤུས་ཚད་དང་ཞབས་ཞུའི་རྣམ་འགྱུར་ལ་སྣང་ཆེན་བྱས་ནས་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ལ་ངང་རྒྱུད་རིང་པོས་ལན་རྒྱག་པ་དང་ལན་གསལ་པོ་བརྒྱབ་སྟེ་དུས་ཐོག་དང་གྲངས་ཚང་ངང་འགན་བཅོལ་གྱི་གྲོན་དངུལ་བསྡུ་ལེན་ཐུབ་པའི་འགན་ལེན་བྱས་ཡོད།

མིག་སྔའི་བར། གྲོང་ཚོ་ཡོངས་སུ་འགན་བཅོལ་ནང་ཞུགས་དགོས་པའི་མི་གྲངས་257ཡོད་པ་དང་གྲོན་དངུལ་འཇལ་དགོས་པའི་མི་གྲངས་190ཡོད་པ་དང་། ད་ལྟ་མི་གྲངས་1190ཡིས་གྲོན་དངུལ་སྐྱེལ་ཚར་བས་ལེགས་གྲུབ་བྱེད་ཚད་100%ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།