ལྷོ་ཁས“རིག་གནས་ཀྱིས་མཐའ་མཚམས་ལ་ཕན་འདོགས་པའི”སྒྲོག་འགྲེལ་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་སྔར་བས་དོན་འཁྱོལ་ཡག་པོ་བྱ་ཆེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱིས་ལྷུན་རྩེ་རྫོང་བྱམས་ཆེན་གྲོང་ཚོ་དང་བཀྲམ་ཐང་གྲོང་ཚོར“རིག་གནས་ཀྱིས་མཐའ་མཚམས་ལ་ཕན་འདོགས་པའི”རིགས་པའི་གཞུང་ལུགས་དང་རིག་རྩལ་སྒྲོག་འགྲེལ་མཐའ་མཚམས་སུ་བྱེད་པའི་བྱེད་སྒོ་སྤེལ་བ་རེད།

ཐེངས་འདིའི་བྱ་འགུལ་གྱི་གསར་གཏོད་རྣམ་པ་དེ་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་དང་། ཏང་གི་བཀའ་དྲིན་ཚོར་བའི་རིག་རྩལ་འཁྲབ་སྟོན། ཏང་གི་ལོ་རྒྱུས་ཤེས་བྱའི་སྐོར་གྱི་དྲི་བ་དྲིས་ལན། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བའི་གྲུབ་འབྲས་འགྲེམས་སྟོན། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་དང་བླངས་ཞབས་ཞུ་སོགས་དང་ཟུང་འབྲེལ་བྱས་པས་ནང་དོན་ཕུན་སུམ་ཚོགས་པ་དང་། གོ་བདེ་ལ་ཤེས་སླ་བ། ཐེ་ཞུགས་རང་བཞིན་ཆེ་བ་བཅས་ཡོད་པས་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད། ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་བསོད་ནམས་བདེ་སྐྱིད་ཀྱིས“ཏང་གི་མཛད་ཕྱོགས་སྲིད་ཇུས་དང་། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ། ཚན་རིག་རིག་གནས་ཤེས་བྱ་ཁྱབ་གདལ་སོགས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་སྒོའི་ཁྲོད་དུ་འདྲེས་པར་བྱས་ཏེ་ཉེ་བཅར་དང་། སྤྲོ་སེམས་འཁོལ་བ། མང་ཚོགས་དང་འབྲེལ་འདྲིས་བཅས་ཀྱི་རྣམ་པར་བརྟེན་ནས་རོལ་རྩེད་ཀྱི་ཞོར་ལ་སློབ་གསོ་ཐེབས་པར་བྱས་པས་མང་ཚོགས་ཚོས་རིམ་བཞིན་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་ཚོར་བ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་རིང་གི་འགྱུར་ལྡོག་ཧ་ཅང་ཆེན་པོ་ཚོར་བ། ཏང་གི་སྲིད་ཇུས་བཟང་པོའི་འོག་གི་ཐོབ་པར་དཀའ་བའི་བདེ་སྐྱིད་ལྡན་པའི་འཚོ་བ་ཚོར་བ་བཅས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད”ཅེས་བཤད་པ་རེད།

རྗེས་མར། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་དེའི་མཐའ་མཚམས་ཀྱི་རྫོང་ཁག་དང་དེ་བཞིན་མཐར་ཐུག་གྲོང་ཚོའི་གནས་སྤོ་བཀོད་སྒྲིག་བྱ་ཡུལ་དུ་མུ་མཐུད་བྱེད་སྒོ་དེ་གཏིང་ཟབ་སྤེལ་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་མཚམས་ཀྱི་གང་སར་ཁྱབ་པ་དང་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་སེམས་ལ་འཇགས་པར་བྱས་ཏེ་མཐའ་སྲུང་དང་། མཐའ་བརྟན། མཐའ་དར་བཅས་མཐའ་མཚམས་མང་ཚོགས་ཀྱི་རང་འགུལ་བྱ་སྤྱོད་ཅིག་ཏུ་འགྱུར་བ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།