ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་སྲ་བརྟན་དང་རྒྱ་སྐྱེད་ཡག་པོ་གཏོང་ཆེད། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དངུལ་ཁང་ལས་རིཌ་ཁག་གི་དངུལ་རྩའི་སྒྲིག་གཞིར་ཁྲིད་སྟོན་ཧུར་ཐག་བྱས་ནས“དོན་ཆེན་བཞིར”དམ་པོར་དམིགས་ཏེ། དངུལ་རྩའི་ཐོན་རྫས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོཌ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་དེ་བས་ལེགས་པའི་སྒོ་ནས་རྒྱབ་སྐྱོར་བྱས་པ་རེད།
མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ལ་མཛུབ་ཁྲིད་བྱས་ཏེ་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་རྣམ་གསར་པ་གཞིར་བཟུང་། གྲོང་ཁྱེར(ས་ཁུལ)བདུན་གྱི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་དམིགས་ཏེ། “གངས་ལྗོངས་ཀྱི་ཞིང་ཕན་eདངུལ་བུན་དང་། ནས་ཀྱི་དངུལ་བུན། ནགས་ཤིང་དང་འབྲས་ཤིང་གི་དངུལ་བུན། འབྲི་གཡག་གི་དངུལ་བུན་སོགས་སྣ་ཁ་16དང་ཟུང་འབྲེལ་བྱེད་པའི”ཁྱད་ལྡན་ཐོན་རྫས་བཏོན་ནས་ལྗོངས་ཡོངས་ཀྱི་རིག་ལྡན་གྲོང་གསེབ་དང་། རིག་གནས་ཞིང་ལས། རིག་གནས་ཡུལ་སྐོར་སོགས་ལ་རོགས་སྐྱོར་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་དང་ལྗོངས་ཡོངས་ཀྱི་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་དང་ཞིང་འབྲོག་ཁུལ་ལ་ཐོན་འཕར་ནུས་ཆེ་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ལས་རིགས་ཁག་གི་སྣེ་ཁྲིད་དེ་དངུལ་བུན་གཏའ་འཇོག་གི་གཞི་ཁྱོན་ཆེ་རུ་ཧུར་ཐག་བཏང་ཡོད། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཕག་པ་གཏའ་འཇོག་གི་དངུལ་བུན་དང་། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་དངུལ་བུན་བཏོན་ཡོད། བོད་ལྗོངས་དངུལ་ཁང་གིས“3·19”གེགས་རྗེས་བསྐྱར་སྐྲུན་གྱི་ཁང་པ་ཉོ་བའི་དངུལ་བུན་བཏོན་ཡོད། ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་འབྲི་གཡག་གི་དངུལ་བུན་རྣམ་པ་སོགས་བཏོན་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
དངུལ་རྩའི་ཐོན་རྫས་གསར་གཏོད་བྱས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱས་པ།