ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རང་སྐྱོང་ལྗོངས་ཕྱི་དོན་དོན་གཅོད་ཁང་གིས་གཙོ་གཉེར་བྱས་པའི་ནེ་པ་ལའི་གཞོན་ནུ་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་དུས་ཐེངས་བདུན་པ་ལྷ་སར་གཉེར་བ་རེད།
ད་ཐེངས་ཀྱི་ཟབ་སྦྱོང་འཛིན་གྲྭས་དུས་ཡུན་ཉིན་གཉིས་རིང་བརྙན་ལམ་ཚོགས་འདུའི་རྣམ་པ་སྤྱད་དེ་དྲ་ཐོག་ནས་སློབ་ཁྲིད་བྱ་རྒྱུ་ཡིན་ཞིང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ་དང་བོད་ལྗོངས་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་དུས་རབས་གསར་པའི་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་སོགས་ཀྱི་ནང་དོན་ལ་དམ་པོར་དམིགས་ཏེ་ནེ་པ་ལའི་གཞོན་ནུ་སློབ་མ་དང་མཉམ་སྤྱོད་སྤེལ་རེས་བྱ་རྒྱུ་རེད། ནེ་པ་ལའི་སྲིད་ཏང་མི་འདྲ་བ་ནས་ཡོང་བའི་གཞོན་ནུ་ལས་བྱེད་པ་20ལྷག་ཙམ་གྱིས་བརྙན་ལམ་སྦྲེལ་མཐུད་བརྒྱུད་ད་ཐེངས་ཀྱི་ཟབ་སྦྱོང་འཛིན་གྲྭར་ཞུགས་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ནེ་པ་ལའི་གཞོན་ནུ་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་དུས་ཐེངས་བདུན་པ་ལྷ་སར་གཉེར་བ།