ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས13ཉིན། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུའུ་དང་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་སྒྲུབ་བྱས་པ་དང་། བོད་རང་སྐྱོང་ལྗོངས་བོད་ཀྱི་མིག་མངས་མཐུན་ཚོགས་དང་རྒུ་རུམ་ལྟེ་བའི་སློབ་ཆུང་གིས་སྒྲུབ་འགན་འཁུར་བའི་བོད་རང་སྐྱོང་ལྗོངས་ཀྱི“ལུས་རྩལ་རྣམ་གྲངས་སློབ་རར་བསྐྱོད་པའི”བྱ་འགུལ་དང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་བོད་ཀྱི་མིག་མངས་འགྲན་བསྡུར་ཆེན་མོ་བསྡུས་ཤིང་། བསྡོམས་པས་སློབ་མ102འགྲན་བསྡུར་ལ་ཞུགས་ཡོད།
པར་འདི་ནི་བྱ་འགུལ་གྱི་ཡུལ་དངོས་རེད།
ངོ་སྤྲོད་བྱས་པ་ལྟར་ན། 2017ལོར་བོད་ཀྱི་མིག་མངས་བོད་རང་སྐྱོང་ལྗོངས་ཀྱི་སྐོར་ལྔ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་ནང་བཅུག 2019ལོར་བོད་ཀྱི་མིག་མངས་དེ་འཁྲབ་སྟོན་རྣམ་གྲངས་ལ་བརྩིས་ནས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པར་ཐེངས་དང་པོ་ཞུགས་པ་རེད།
པར་འདི་ནི་བྱ་འགུལ་གྱི་ཡུལ་དངོས་རེད།
ཉེ་བའི་ལོ་འགའི་རིང་། རྒུ་རུམ་སློབ་ཆུང་གིས་སློབ་གྲྭའི་སློབ་གསོ་ཁྱད་ལྡན་འཕེལ་རྒྱས་ཀྱི་དགོས་མཁོའི་འོག སློབ་གསེང་རིག་གནས་བྱ་འགུལ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། སློབ་མའི་རང་གཤིས་འཕེལ་རྒྱས་ཀྱི་དགོས་མཁོ་བསྐངས་པ་རེད། རྒྱལ་ཁབ་ཀྱི་སློབ་གསོའི་སློབ་ཚན་ལེགས་འགྲུབ་དོན་འཁྱོལ་བྱེད་པ་དང་ཆབས་ཅིག་ཏུ2015ལོར་བོད་ཀྱི་མིག་མངས་སློབ་ཚན་དངོས་སུ་བཀོད་སྒྲིག་བྱས་པས། སློབ་གྲྭའི་སློབ་གཉེར་གྱི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད།
པར་འདི་ནི་བྱ་འགུལ་གྱི་ཡུལ་དངོས་རེད།
པར་འདི་ནི་བྱ་འགུལ་གྱི་ཡུལ་དངོས་རེད།
སློབ་གྲྭས་ཞིབ་འཇུག་ནན་ཏན་དང་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་པ་བརྒྱུད། མིག་མངས་རོལ་རྩེད་ལ་འགྲན་རྩོད་རང་བཞིན་དང་རོལ་རྩེད་རང་བཞིན་ཆེན་པོ་ལྡན་པ་དང་། སློབ་མའི་རིག་སྟོབས་གསར་སྤེལ་དང་། བར་སྟོང་གི་འཆར་ཡན་ནུས་པ་དང་སྤྱི་མཚན་ནུས་པ། བསམ་གཞིགས་སྦྱོང་བརྡར་སོགས་སྐྱེད་སྲིང་གི་ཐད་དགེ་མཚན་ལྡན་ཡོད། བོད་ཀྱི་མིག་མངས་སློབ་ཁྲིད་སྔར་བས་ལེགས་པོ་བྱ་ཆེད། སློབ་གྲྭས་ཆེད་མངགས་དགེ་རྒན་བོད་ཀྱི་མིག་མངས་མཐུན་ཚོགས་སུ་འབྲེལ་ཡོད་ཤེས་བྱ་སློབ་སྦྱོང་བྱེད་པར་མངགས་པ་མ་ཟད། ད་དུང་ཆེད་མཁས་པ་ཐེངས་མང་གདན་དྲངས་ནས་སློབ་གྲྭའི་དགེ་སློབ་ཡོངས་ལ་བོད་ཀྱི་མིག་མངས་ཀྱི་ཤེས་བྱ་སློབ་ཁྲིད་བྱས།
པར་འདི་ནི་བྱ་འགུལ་གྱི་ཡུལ་དངོས་རེད།
པར་འདི་ནི་བྱ་འགུལ་གྱི་ཡུལ་དངོས་རེད།
ངོ་སྤྲོད་བྱས་པ་ལྟར་ན། སློབ་གྲྭས་བོད་ཀྱི་མིག་མངས་ཀྱི་རིགས་དང་དཀའ་སླའི་ཚད་ལ་གཞིགས་ནས། ལོ་རིམ་དང་པོ་ནས་དྲུག་པའི་བར་གྱི་འཛིན་གྲྭ་ཚང་མར་ནང་དོན་མི་འདྲ་བ་དང་དཀའ་སླའི་ཚད་མི་འདྲ་བའི་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་དང་། ལོ་རིམ་དམའ་བའི་འཛིན་གྲྭར་གཙོ་བོ་སྤྲོ་སྣང་རང་བཞིན་ལྡན་པའི་བློ་རིག་རོལ་རྩེད་བཀོད་སྒྲིག་བྱས་ཡོད་ལ། ལོ་རིམ་མཐོ་བའི་འཛིན་གྲྭ་ཚང་མར་བསམ་གཞིགས་སྦྱོང་བརྡར་གཙོར་བྱེད་པའི་རྩལ་འགྲན་རོལ་རྩེད་བཀོད་སྒྲིག་བྱས་ཡོད། གཞན་ཡང་། སློབ་གྲྭས་སློབ་མ་དག་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་མིག་མངས་འགྲན་བསྡུར་སྣ་ཚོགས་ནང་ཞུགས་སུ་བཅུག་པས་གྲུབ་འབྲས་མི་དམན་པ་ཐོབ་ཡོད། 2019ལོར། སློབ་གྲྭ་དེར“བོད་རང་སྐྱོང་ལྗོངས་བོད་ཀྱི་མིག་མངས་མཐུན་ཚོགས་ཀྱི་མིག་མངས་ཁྱབ་གདལ་སློབ་གསོའི་མཉམ་ལས་ལས་ཁུངས”ཀྱི་མཚན་སྙན་ཐོབ་ཡོད།
པར་འདི་ནི་བྱ་འགུལ་སྤེལ་པའི་ཡུལ་དངོས་སུ་བྱ་དགའ་སྤྲོད་བཞིན་པའི་རྣམ་པ་རེད།
པར་འདི་ནི་བྱ་འགུལ་སྤེལ་པའི་ཡུལ་དངོས་སུ་བྱ་དགའ་སྤྲོད་བཞིན་པའི་རྣམ་པ་རེད།
རྒུ་རུམ་སློབ་ཆུང་གི་སློབ་གཙོ་མིག་དམར་དབང་འདུས་ཀྱིས་མ་འོངས་པར་སློབ་གྲྭས་ཁྱད་ལྡན་སློབ་གཉེར་འཕེལ་རྒྱས་ལ་སྐུལ་འདེད་ནན་ཏན་གཏོང་བ་དང་། སློབ་མའི་ཕྱོགས་བསྡུས་ནུས་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། བོད་ཀྱི་མིག་མངས་བྱ་འགུལ་སྣ་ཚོགས་མུ་མཐུད་ཏན་ཏིག་སྤེལ་བ་བཅས་བྱས་ཏེ། སློབ་མ་སྔར་བས་མང་བོར་བོད་ཀྱི་འོད་སྟོང་འཕྲོ་བའི་རིག་གནས་ལོ་རྒྱུས་ཤེས་རྟོགས་དང་མྱོང་ཚོར་ཐུབ་པ་བྱས་ནས། སློབ་གྲྭས་ནུས་ཤུགས་ཡོད་རྒུ་བཏོན་ནས་བོད་ཀྱི་མིག་མངས་རིག་གནས་དེ་ཀྲུང་ཧྭའི་རིག་གནས་ཀྱི་བང་མཛོད་ནང་དར་འཕེལ་ཡོང་བར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།
ལྷ་ས་གྲོང་ཁྱེར་བོད་ཀྱི་མིག་མངས་མཐུན་ཚོགས་ཀྱི་ཚོགས་གཙོ་ཆོས་གྲགས་ཀྱིས་བོད་ཀྱི་མིག་མངས་འགྲན་བསྡུར་ཁྱབ་གདལ་བཏང་བ་བརྒྱུད། སྤྱི་ཚོགས་སྟེང་གི་མི་སྔར་བས་མང་པོས་བོད་ཀྱི་མིག་མངས་ལ་དོ་སྣང་བྱས་ཏེ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་བས་རྒྱུན་འཛིན་དང་འཕེལ་རྒྱས་སུ་འགྲོ་བའི་རེ་བ་ཡོད་ཅེས་བཤད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་ཀྱིས་སྲོལ་རྒྱུན་གྱི་བོད་ཀྱི་མིག་མངས་རིག་གནས་ཁྱབ་གདལ་དུ་བཏང་བ།