པར་འདི་ནི་བོད་ལྗོངས་བཟོ་ལས་དངོས་མང་བཤམས་སྟོན་ཁང་གི་ཟུར་ཞིག་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས14ཉིན། བོད་ལྗོངས་བཟོ་ལས་དངོས་མང་བཤམས་སྟོན་ཁང་དངོས་སུ་སྒོ་ཕྱེས་པ་རེད། བོད་ལྗོངས་བཟོ་ལས་དངོས་མང་བཤམས་སྟོན་ཁང་བསྐྲུན་པ་དེས། བོད་ལྗོངས་སུ་བཟོ་ལས་རིགས་ཀྱི་ཕྱོགས་བསྡུས་དངོས་མང་བཤམས་སྟོན་ཁང་མེད་པའི་སྟོང་ཆ་བསྐངས་ཡོད། དངོས་མང་བཤམས་སྟོན་ཁང་གི་གཙོ་གཞིའི་བཟོ་སྐྲུན་དེ་ནི་ལྷ་སའི་ཨར་འདམ་བཟོ་གྲྭའི་བཟོ་ཁང་གི་རྨང་གཞིའི་ཐོག་བསྐྱར་སྐྲུན་རྒྱས་སྐྲུན་བྱས་ཤིང་། རྒྱ་ཁྱོན་སྨི་གྲུ་བཞི་མ2780ལྷག་ཟིན་པ་དང་། བསྡོམས་པས་མ་དངུལ་སྒོར་ཁྲི2900ལྷག་བཏང་ལ། བཟོ་ལས་ཀྱི་འགྲེམས་དངོས300ལྷག་བསྡུ་རུབ་བྱས་ཡོད། །
པར་འདི་ནི་གྲོང་མིས་བོད་ལྗོངས་བཟོ་ལས་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་བྱེད་བཞིན་པའི་རྣམ་པ་རེད།
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་བཟོ་ལས་དངོས་མང་བཤམས་སྟོན་ཁང་གི་སྒོ་ཕྱེས་པ།