ཁེ་ལས་ཀྱིས་ལས་ཞུགས་གཙོ་གནད་མི་ཚོགས་གཞན་དག་བསྡུས་པར་བོད་ལྗོངས་ཀྱིས་བྱ་དགའི་དངུལ་སྤྲད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཁེ་ལས་ཀྱིས་ལས་ཞུགས་གཙོ་གནད་མི་ཚོགས་གཞན་དག་བསྡུས་པར་བོད་ལྗོངས་ཀྱིས་བྱ་དགའི་དངུལ་སྤྲོད་པའི་མཛད་སྒོ་འཚོགས་ཏེ། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཧྥན་ཚའེ་མི་ཤུགས་ཐོན་ཁུངས་ཞབས་ཞུ་ཚད་ཡོད་ཀུང་སིར་བྱ་དགའི་དངུལ་སྒོར་ཁྲི་130སྤྲད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འབྲེལ་ཡོད་ཁ་གསབ་སྲིད་ཇུས་གཞིར་བཟུང་། བོད་ལྗོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱིས་ལོ་དེ་རང་ལ་ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་ལས་ཞུགས་མི་གྲངས་200ཡན་གསར་དུ་བསྡུས་པ་དང་། དེའི་ནང་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་100ཡན་གསར་དུ་ལས་ཞུགས་ཐུབ་པ་མ་ཟད། ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་རིགས་དང་། གཞུང་ཁོངས་མིན་པའི་ཁེ་ལས་ཀྱིས་ལོ་དེ་རང་ལ་ཐེམ་ཁུངས་རང་ལྗོངས་ནས་ཡིན་པའི་ལས་ཞུགས་མི་གྲངས་50ཡན་གསར་དུ་བསྡུས་པ་དང་། དེའི་ནང་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་30ཡན་གསར་དུ་ལས་ཞུགས་ཐུབ་པ་མ་ཟད། ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་རིགས་ལ་བྱ་དགའ་སྒོར་ཁྲི་30སྤྲད་པ་རེད།

དེ་དང་དུས་མཚུངས། བོད་ལྗོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱིས་ལོ་དེ་རང་ལ་ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་ལས་ཞུགས་མི་གྲངས་300གསར་དུ་བསྡུས་པ་དང་། དེའི་ནང་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་200ཡན་གསར་དུ་ལས་ཞུགས་ཐུབ་པ་མ་ཟད། ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་རིགས་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱིས་ལོ་དེ་རང་ལ་ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་ལས་ཞུགས་མི་གྲངས་100ཡན་གསར་དུ་བསྡུས་པ་དང་། དེའི་ནང་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་50ཡན་གསར་དུ་ལས་ཞུགས་ཐུབ་པ་མ་ཟད། ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་རིགས་ལ་བྱ་དགའ་སྒོར་ཁྲི་50སྤྲད་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།