བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་སྐྱེ་ཁམས་བྱེད་ནུས་སྲུང་སྐྱོང་ཁུལ7འཛུགས་སྐྲུན་བྱས་པ།

rmrb2021120214p15_b.jpg

པར་འདི་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཟི་ལིང་མཚོ་འགྲམ་གྱི་གཙོད་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། ད་ལོའི་ཟླ9བའི་བར་དུ། ནག་ཆུ་གྲོང་ཁྱེར་གྱིས་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་། བརླན་སའི་སྲུང་སྐྱོང་ཁུལ་སོགས་རིགས་སོ་སོའི་སྐྱེ་ཁམས་བྱེད་ནུས་སྲུང་སྐྱོང་ཁུལ7འཛུགས་སྐྲུན་བྱས་ཏེ། སྐྱེ་ཁམས་དམིགས་བསལ་དུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་གྲུབ་ཡོད་པ་རེད།

ཉེ་བའི་ལོ་འགའི་རིང་ལ། ནག་ཆུ་གྲོང་ཁྱེར་གྱིས་ནགས་ཚལ་ཐོན་ཁོངས་དང་རི་སྐྱེས་སྲོག་ཆགས་ཐོན་ཁུངས་སྲུང་སྐྱོང་བྱེད་པ་དང་། ནགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་བརྟན་བརླིང་སྲུང་སྐྱོང་བྱེད་པ་དེ་རང་གི་འགན་འཁྲི་རུ་བརྩིས་ཏེ། ནགས་ཚལ་ཐོན་ཁུངས་དང་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ལ་གཏོར་བརླག་བྱེད་པའི་ཁྲིམས་འགལ་ཉེས་སྤྱོད་ལ་རྡུང་རྡེག་བཏང་། མིག་སྔའི་བར་དུ་ནག་ཆུ་གྲོང་ཁྱེར་གྱིས་རིམ་པ་སོ་སོ་དང་རིགས་སོ་སོའི་སྲུང་སྐྱོང་ཁུལ་གྱི་དྲ་རྒྱ་རིམ་བཞིན་གྲུབ་པ་དང་། རིགས་སོ་སོའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་ནུས་ལྡན་བྱེད་པར་རྨང་གཞི་ཡག་པོ་འདོན་སྤྲོད་བྱས།

ཟི་ལིང་མཚོ་བརླན་སའི་ཉེ་འཁོར་ནི་གཙོད་ཀྱི་འཚོ་གནས་ཁུལ་གལ་ཆེན་ཡིན་ཞིང་། ནག་ཆུ་གྲོང་ཁྱེར་གྱི་སྔར་ལས་ལྷག་པར་བརླན་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བྱས་པ་བརྒྱུད། བརླན་སའི་ཉེ་འཁོར་གྱི་གཙོད་ཀྱི་འགུལ་སྐྱོད་ཇེ་མང་དུ་འགྲོ་བཞིན་ཡོད།

ནག་ཆུ་གྲོང་ཁྱེར་ནི་བོད་ལྗོངས་ཀྱི་བྱང་ཕྱོགས་སུ་གནས་ཡོད་ཅིང་། གྲོང་ཁྱེར་ཡོངས་སུ་བརླན་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི299.3ཡོད། ཉེ་བའི་ལོ་འགའི་རིང་ལ། ནག་ཆུ་གྲོང་ཁྱེར་གྱིས《ནག་ཆུ་གྲོང་ཁྱེར་གྱི་བརླན་སའི་སྲུང་སྐྱོང་སླར་གསོ་ལམ་ལུགས་ལག་བསྟར་ཇུས་གཞི》གཏན་འབེབས་བྱས་པ་བརྒྱུད། བརླན་སའི་སྲུང་སྐྱོང་དང་སླར་གསོ་ལས་གཞི་སྐོར་མང་པོ་ཞིག་ལག་བསྟར་བྱས་པར་ཕན་འབྲས་ངེས་ཅན་བླངས་ཡོད། མིག་སྔར། ནག་ཆུ་གྲོང་ཁྱེར་གྱིས་བརླན་སའི་སྲུང་སྐྱོང་དོ་དམ་མ་ལག་རིམ་བཞིན་འཐུས་ཚང་དུ་བཏང་སྟེ། རྫོང(ཆུས)དང་ཤང་གྲོང་། གྲོང་ཚོ(སྡོད་དམངས་ཨུ་ཡོན་ལྷན་ཁང)བཅས་རིམ་པ་གསུམ་གྱི་བརླན་སའི་སྲུང་སྐྱོང་དོ་དམ་ལམ་ལུགས་བཙུགས་པ་དང་། རྫོང(ཆུས)རང་བྱུང་ཐོན་ཁུངས་སྡེ་ཁག་དང་ཤང་གྲོང་། གྲོང་ཚོ(སྡོད་དམངས་ཨུ་ཡོན་ལྷན་ཁང)བཅས་ལས་ཁུངས་ཀྱིས་འགན་འཁུར་བཞིན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།