ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།

8c312855-4918-4949-a8f5-d54d46c80af4.jpg

བློ་མཐུན་ཝང་ཅུན་ཀྲེང་།

fd611696-30f2-4246-ba73-ace865e67221.jpg

བློ་མཐུན་བློ་བཟང་རྒྱལ་མཚན།

d0ad5747-278a-4634-bcfc-4a68a67ade36.jpg

བློ་མཐུན་ཡན་ཅིན་ཧའེ།

c07644f4-90ba-4af0-b807-f98464ad0b77.jpg

བློ་མཐུན་ཀྲོང་ཡན།

5f7bc232-af84-479a-8841-78fafc9f0150.jpg

བློ་མཐུན་ཁྲེན་ཡུང་ཆི།

47372770-4d21-46c3-b4c7-64df52e7efb0.jpg

ཟླ11ཚེས30ཉིན་གྱི་ཕྱི་དྲོ། གསར་དུ་བདམས་ཐོན་བྱུང་བའི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོས་ལྷན་བཞུཌ་འདྲ་པར་བསྐྱོན་ཞིང་། ཝང་ཅུན་ཀྲེང་།(གཡོན་གྱི་བརྒྱད་པ) བློ་བཟང་རྒྱལ་མཚན། (གཡས་ཀྱི་བདུན་པ) ཡན་ཅིན་ཧའེ།(གཡོན་གྱི་བདུན་པ) ཀྲོང་ཡན།(གཡས་ཀྱི་དྲུག་པ) ཁྲེན་ཡུང་ཆི།(གཡོན་གྱི་དྲུག་པ) ཀྲང་ཞུའེ་ཅེ།(གཡས་ཀྱི་ལྔ་པ) ལིའུ་ཅང་།(གཡོན་གྱི་ལྔ་པ) ཝང་ཝུའེ་ཏུང་།(གཡས་ཀྱི་བཞི་པ) དབང་ཧའེ་ཀྲོའུ(གཡོན་གྱི་བཞི་པ) ལའེ་ཅའོ།(གཡས་ཀྱི་གསུམ་པ) རེན་ཝེ།(གཡོན་གྱི་གསུམ་པ) ཕུར་བུ་དོན་གྲུབ།(གཡས་ཀྱི་གཉིས་པ) ཀརྨ་ཚེ་བརྟན།(གཡོན་གྱི་གཉིས་པ) ཤའོ་ཡིའུ་ཚའེ།(གཡས་ཀྱི་དང་པོ ) ཟླ་བ་ཚེ་རིང་།(གཡོན་གྱི་དང་པོ)བཅས་ཡིན་པ།

ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བདམས་ཐོན་བྱུང་བ། ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ། ཀྲོང་ཡན། ཁྲེན་ཡུང་ཆི་བཅས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པར་བདམས་ཐོན་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས30ཉིན། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ལྷ་སར་འཚོགས་པ་རེད།

ཚོགས་འདུར་ཞུགས་མཁན་གྱི་གྲས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་75དང་རྗེས་སྣོན་ཨུ་ཡོན་15ཡོད་པ་དང་། རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཟུར་ཞུགས་གནང་བ། བློ་མཐུན་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཧྲུའུ་ཅི། ཧྲུའུ་ཅི་གཞོན་པ་བཅས་བདམས་ཐོན་བྱུང་བ་དང་། ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ། ཀྲོང་ཡན། ཁྲེན་ཡུང་ཆི་བཅས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པར་བདམས་ཐོན་བྱུང་བ། ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། ཀྲོང་ཡན། ཁྲེན་ཡུང་ཆི། ཀྲང་ཞུའེ་ཅེ། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་ཐོན་བྱུང་བ་རེད།

ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བདམས་ཐོན་བྱུང་བའི་ཧྲུའུ་ཅི་དང་། ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འོས་མིར་ཆོག་མཆན་གནང་བ་རེད།

གསར་དུ་བདམས་ཐོན་བྱུང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ་རེད།

ཝང་ཅུན་ཀྲེང་གིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་སྐབས་གསར་པའི་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཧྲུའུ་ཅི། ཧྲུའུ་ཅི་གཞོན་པ་བཅས་བདམས་ཐོན་བྱུང་བ་དང་། ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་འདེམས་བསྐོ་བྱས་འབྲས་ལ་གྲོས་འཆམ་བྱུང་བ་དེ་ཐོག་ནས་སྐབས་གསར་པའི་ལྗོངས་ཏང་ཨུད་ཀྱི་ཚན་ཁག་དངོས་སུ་བཙུགས་པ་མཚོན་ཡོད། དེ་ནི་ཏང་ཀྲུང་དབྱང་གི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཞིག་རེད་ལ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱི་རེ་སྒུག་ཀྱང་རེད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་རྒྱལ་ཁའི་ངང་འཚོགས་པ་དེ་ཐོག་ནས་བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་པ་མཚོན་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་ང་ཚོས་ཕྲག་ཏུ་བབས་པའི་འགན་འཁྲི་ལྕི་པོ་འཁུར་དགོས། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་མདུན་སྐྱོད་ཀྱི་ཁ་ཕྱོགས་བརྒྱུད། རང་དཔེ་གཞན་སྟོན་དང་སྣེ་ཁྲིད་དཔེ་སྟོན་གྱིས་ལུས་ཚུགས་ནས་དོན་འཁྱོལ་ལ་དམ་འཛིན་དང་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་ཏེ་བོད་ཀྱི་བྱ་གཞག་ཁག་ལ་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྲག་ཏུ་བབས་པའི་འགན་འཁྲི་ལྕི་པོ་འཁུར་བར། ངེས་པར་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་དགོས། ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་དང་གཞི་རྩའི་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩིས་ཏེ། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མིག་ལྟོས་དང་། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་ལ་མིག་ལྟོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་མིག་ལྟོས་བཅས་བྱེད་དགོས། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་། དུས་རབས་21པའི་མར་ཁེ་སི་རིང་ལུགས། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་བཅས་ཡིན་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་བྱེད་དགོས། ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་ཞུན་བརྡར་བྱས་ཏེ་ཆབ་སྲིད་ཀྱི་སྤྱི་ཡོངས་ལ་སྟངས་འཛིན་མཁས་པོ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་གནད་འཁེལ། ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་ཁོར་ཡུག་གཙང་མ་བཟོ་བ་བཅས་བྱས་ཏེ། ཡིན་མིན་ཆེན་པོའི་གནད་དོན་ཐད་ཀྱི་ལངས་ཕྱོགས་དང་ངེས་ཤུགས་ལ་བརྟེན་ནས་ལྷག་བསམ་རྣམ་དག་ལ་ཞིབ་དཔྱད་དང་། སྒེར་སེམས་དང་ཞུམ་པ་མེད་པའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ལྷག་བསམ་རྣམ་དག་མཚོན་པར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ཀྱི་གསལ་ཤེས་པ་བྱེད་དགོས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་ཆབ་སྲིད་ཀྱི་འགན་འཁྲི་དང་། འགོ་ཁྲིད་ཀྱི་འགན་འཁྲི། ལས་ཀའི་འགན་འཁྲི་བཅས་ཨང་དང་པོར་བརྩིས་ནས་བློ་བརྟན་འགྱུར་མེད་དང་སེམས་ཐག་གཙང་བཅད་དང་། ཇི་མ་ཇི་བཞིན། དོན་འཁྱོལ་ཞིབ་ཕྲ། ནུས་ལྡན་གོ་ཆོད་བཅས་ཡོང་བར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་རྩ་བ་ཚུགས་ཏེ་མེ་ཏོག་ཤར་ནས་འབྲས་བུ་སྨིན་པའི་འགན་ལེན་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྲག་ཏུ་བབས་པའི་འགན་འཁྲི་ལྕི་པོ་འཁུར་བར། ངེས་པར་དུ“རྒྱལ་ཁབ་ཀྱི་དོན་ཆེན”དུས་དང་རྣམ་པ་ཀུན་ཏུ་སེམས་ལ་ངེས་དགོས། “རྒྱལ་ཁབ་ཀྱི་དོན་ཆེན”ཡིད་ལ་བརྟན་པོར་བཅངས་ཏེ་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་སྤྱི་ཡོངས་ཀྱི་ལྟ་བ་འཛུགས་དགོས་པ་དང་། དུས་བབ་དང་བསྟུན་ནས་ཇུས་འགོད་དང་། དུས་བབ་དང་བསྟུན་ནས་བྱ་སྤྱོད་སྤེལ་བ། དུས་བབ་དང་བསྟུན་ནས་ལས་དོན་སྒྲུབ་པ་བཅས་བྱས་ཏེ། ཇུས་གཞི་བཏིངས་རྗེས་བྱ་སྤྱོད་སྤེལ་བ་དང་གྲ་སྒྲིག་ཨར་བསར་བྱས་རྗེས་ལས་དོན་སྒྲུབ་དགོས། “རྒྱལ་ཁབ་ཀྱི་དོན་ཆེན”བརྟན་སྲུང་གིས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་གཙོ་ཆེར་བརྩི་བ་དང་། མི་དམངས་གཙོ་བོར་འཛིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་རྩ་བར་འཛིན་པ། འཐབ་ཇུས་ཀྱི་རང་བཞིན་དང་། བརྒྱུད་རིམ་གྱི་རང་བཞིན། སྔ་བལྟས་ཕྱི་བསམ་གྱི་རང་བཞིན་བཅས་ཀྱི་ཇུས་འགོད་ལ་ཤུགས་སྣོན། དུས་བབ་ཀྱི་འགྱུར་ལྡོག་ལ་ཚན་རིག་དང་མཐུན་པའི་ངང་སྟངས་འཛིན་དང་། སྣང་ཚུལ་གྱི་ངོ་བོར་གནད་སྨིན་དབྱེ་འབྱེད། བྱ་སྤྱོད་ཀྱི་ཡིན་མིན་ལ་རིག་པ་དྭངས་གསལ་གྱི་སྒོ་ནས་གསལ་འབྱེད། ཉེན་ཁ་དང་འགྲན་སློང་ནུས་ལྡན་འགོག་པ་བཅས་བྱེད་དགོས། “རྒྱལ་ཁབ་ཀྱི་དོན་ཆེན”མཐིལ་རྟོགས་བྱས་ཏེ་སྤྱིར་བཏང་གི་ལས་དོན་ཁྲོད་ནས་ཆབ་སྲིད་ཀྱི་གནད་དོན་ཤེས་མཁས་པ་དང་། ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ཁྲོད་ནས་ཆབ་སྲིད་ཀྱི་གནས་ཚུལ་ཤེས་མཁས་པ། སྣེ་མང་རྙོག་འཛིང་ཆེ་བའི་འགལ་ཟླ་དང་འབྲེལ་བའི་ཁྲོད་ནས་ཆབ་སྲིད་ཀྱི་གཏན་ཚིགས་ཁོང་དུ་ཆུད་མཁས་པ་བཅས་བྱས་ཏེ། རང་རྟོགས་ངང“དོན་ཆེན་བཞིར”དམ་འཛིན་ཡག་པོ་དང“འགན་ལེན་བཞི”མངོན་འགྱུར་བྱེད་པའི་སྒྲིག་འཛུགས་པ་དང་སྐུལ་འདེད་པ་བྱེད་དགོས། “རྒྱལ་ཁབ་ཀྱི་དོན་ཆེན”དོན་འཁྱོལ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཡང་ཡང་བསྡུར་ནས་སེམས་སུ་འགན་འཁྲི་ཤེས་པ་དང་། ལུས་ཀྱིས་འགན་འཁྲི་འཁུར་བ། བྱ་སྤྱོད་ཀྱིས་འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་བྱེད་པ་འཐབ་ཇུས་གལ་ཆེན་འཆར་འགོད་དང་། སྲིད་ཇུས་གལ་ཆེན་བཟོ་བ། ལས་འགན་གལ་ཆེན་བཀོད་སྒྲིག ལས་དོན་གལ་ཆེན་ལ་སྐུལ་གཏོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་ཏན་ཏིག་མངོན་པར་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྲག་ཏུ་བབས་པའི་འགན་འཁྲི་ལྕི་པོ་འཁུར་བར། ངེས་པར་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་དགོས། ཆབ་སྲིད་ཀྱི་བློ་རྒྱ་ཡངས་པོ་དང་། བླ་ན་མེད་པའི་བསམ་པའི་འཁྱེར་སོ། ཡང་དག་པའི་རིན་ཐང་གི་ཚད་གཞི་བཅས་ཡོད་དགོས་པ་དང་། ནུས་ཤུགས་ཡོད་རྒུས་ཏང་ལ་དཀའ་ངལ་སེལ་རོགས་དང་། རྒྱལ་ཁབ་ལ་འགན་འཁྲི་འཁུར་བ། མི་དམངས་ལ་ལེགས་སྐྱེས་འབུལ་བ་བཅས་བྱེད་དགོས། སྤྱི་དང་སྒེར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་མི་སྒེར་གྱི་མཚན་སྙན་དང་། གནས་བབ། ཁེ་ཕན་བཅས་ཀྱི་མདུན་དུ་ཐེ་ཚོམ་སྐྱེས་པ་དང་འཐོབ་རེ་ཤོར་དོགས་གཏན་ནས་བྱ་མི་རུང་བ་དང་། རྩ་འཛུགས་ནས་སྤྲད་པའི་ལས་འགན་ཡང་བར་དགའ་ཞིང་ལྕི་བར་སྐྲག་པ་དང་རེ་དོགས་ཞེན་འཛིན་གཏན་ནས་བྱ་མི་རུང་བ། ས་གནས་ཀྱི་ཁེ་ཕན་ནམ་སྡེ་ཚན་གྱི་ཁེ་ཕན་དང་སྤྱི་ཡོངས་ཀྱི་ཁེ་ཕན་ནམ་ཁྱོན་ཡོངས་ཀྱི་ཁེ་ཕན་དབར་འགལ་བ་འབྱུང་སྐབས། གོང་གི་སྲིད་ཇུས་ལ་འོག་ནས་གཡོལ་ཐབས་གཏན་ནས་བྱ་མི་རུང་བ། གལ་ཆེའི་འཐབ་རྩོད་ཀྱི་མདུན་དུ་མཚན་སྙན་གྲགས་ལ་གཅེས་སྤྲས་དང་ཕྱིར་བཤོལ་གཡོལ་ཐབས་གཏན་ནས་བྱ་མི་རུང་། ཏང་གི་གསར་བརྗེའི་ས་བོན་རྒྱུན་འཛིན་དང་ཏང་གི་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཏེ་བསམ་བློའི་ངེས་ཤུགས་དང་། ཆབ་སྲིད་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་ཆེན་པོ་རྒྱུན་འཁྱོངས་བྱས་ནས་ཡིན་མིན་ཆེན་པོའི་མདུན་དུ་དར་ཆ་གསལ་སྟོན་དང་། རླུང་རླབས་དྲག་པོའི་མདུན་དུ་རལ་གྲི་འཕྱར་ཕོད་པ། ཉེན་ཁ་དང་བར་ཆད་ཀྱི་མདུན་དུ་གདོང་མཆོང་བྱེད་ཕོད་པ། དབང་ཆ་དང་། རྒྱུ་ནོར། དེ་བཞིན་མཛེས་མའི་བསླུ་བྲིད་ཀྱི་མདུན་དུ་གཡོ་འགུལ་མི་ཐེབས་པ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་དཀྲིས་པའི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་ལག་བསྟར་ཡག་པོ་དང་ལེགས་སྒྲུབ་ཡག་པོ་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྲག་ཏུ་བབས་པའི་འགན་འཁྲི་ལྕི་པོ་འཁུར་བར། ངེས་པར་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ཀྱི་གནས་བབ་མཐོ་ཤོས་སུ་བཞག་ནས“ང་སུ་ཡིན་པ་དང་། སུའི་ཆེད་དུ་ཡིན་པ། སུ་ལ་རྟེན་དགོས་པ”བཅས་བློ་ལ་བརྟན་པོར་ངེས་པ་དང་། “བདག་འཛིན་རིང་དུ་སྤངས། དམངས་དོན་པང་དུ་ལེན་པའི”བསམ་བློའི་འཁྱེར་སོ་ཟམ་མི་ཆད་པར་དོན་གཉེར་བྱས་ཏེ་མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་ཀྱི་ལམ་ཕྱོགས་བསམ་བློར་རྩ་བ་ཚུགས་པ་དང་བྱ་སྤྱོད་ལ་དོན་འཁྱོལ་ཐུབ་པར་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་ཤུགས་ཆེན་བསྟར་ནས་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམིགས་ཏེ་དམངས་བདེ་དམངས་ཕན་གྱི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཀུན་ཕན་རང་བཞིན་དང་ཐ་སྐྱོང་རང་བཞིན་གྱི་དམངས་འཚོའི་ལས་དོན་ཡག་པོ་བསྒྲུབས་ཏེ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ཐོབ་པར་བྱེད་དགོས། མང་ཚོགས་ཀྱི་རེ་འདུན་དང་འབོད་སྒྲར་དོ་ཁུར་དམ་ཟབ་བྱས་ཏེ་མང་ཚོགས་ཀྱི་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། མང་ཚོགས་ཀྱི་དཀའ་གནད་སེལ་བ་བཅས་བྱས་ཏེ་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་བཅོལ། སྡོད་ཁང་། རྒན་གསོ་སོགས་ཀྱི་ཐད་ནུས་ཤུགས་དེ་བས་ཆེ་བ་བཏོན་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་དགོས། མི་དམངས་མང་ཚོགས་ཀྱིས་གོང་བཀུར་བྱེད་མིན་དང་། མོས་མཐུན་བྱེད་མིན། དགའ་པོ་བྱེད་མིན། ཁས་ལེན་བྱེད་མིན་བཅས་ལས་དོན་མཐའ་དག་ལ་བསྡུར་ཞིབ་བྱེད་པའི་རྩ་བའི་ཚད་གཞིར་འཛིན་པ་དང་། སྲིད་ཇུས་བཟོ་བ་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་དམངས་སེམས་དང་དམངས་འདུན་མཚོན་པ། མི་དམངས་མང་ཚོགས་ཀྱི་བསམ་འཆར་དང་རེ་འདུན་གཅིག་སྡུད་བྱས་ནས་སྲིད་ཇུས་ཡང་དག་པ་བཟོ་བ་བཅས་བྱས་ཏེ་སྲིད་ཇུས་ལག་བསྟར་བྱེད་པ་ཏང་དང་མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྲག་ཏུ་བབས་པའི་འགན་འཁྲི་ལྕི་པོ་འཁུར་བར། ངེས་པར་དུ་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཐུབ་པར་བྱེད་དགོས། སླད་ཕྱིན་ལོ་ལྔའི་རིང་གི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པ་བྱ་སྤྱོད་དངོས་དང་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པའི་ཤུགས་རྒྱག་ས་གཙོ་བོར་བརྩིས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་འགན་འཁྲི་ཏན་ཏིག་འཁུར་དགོས་ཤིང་། སྤྱི་ཡོངས་ལ་ཇུས་འགོད་བྱེད་མཁས་པའི“བཀོད་འདོམས་པ”ཡག་པོ་བྱེད་དགོས་ལ། ངོ་ཞུགས་འབད་སྒྲུབ་ཀྱི“འཐབ་འཛིང་བ”ཡག་པོ་ཡང་བྱེད་པ་དང་བྱས་པའི་རྗེས་དང་དྲུད་པའི་ཤུལ་ཡོད་པ་བྱས་ཏེ། དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་ཧུར་ཐག་འཇོག་དགོས། ལས་སྒྲུབ་གཙོར་བཟུང་དང་དཀའ་སྒྲུབ་དངོས་སྒྲུབ་མཐའ་འཁྱོངས་ཀྱིས་གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ལས་འགན་ཁག་དོན་འཁྱོལ་ཡག་པོ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིགས་ཏེ་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་སེམས་ཁུར་དང་ཚུར་ལན་ཆེ་བའི་མངོན་གསལ་དོད་པའི་གནད་དོན་ལ་དམ་འཛིན་བྱས་ཏེ། འགན་ཤེས་ཁུར་ལེན་དང་དཀའ་ངལ་ལ་མ་འཛེམས་པར་མདུན་དུ་སྐྱོད་པ་དང་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་རྩ་དོན་གྱི་གནད་དོན་ཐད་སྡར་མ་ཞིག་མི་བྱེད་པར་ཉེན་ཁ་དང་འགྲན་སློང་གི་མདུན་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ། དཀའ་ངལ་འཕྲད་སྐབས་ཁྲལ་སེལ་སླ་བཅོས་མི་བྱེད་པ། འགལ་ཟླར་མི་གཡོལ་བ། ཉེན་ཁ་འཕྲད་ཚེ་ཁག་དཀྲི་མི་བྱེད་པ་བཅས་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཚོགས་ཆེན་ཐོག་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དག་རྣམ་གྲངས་ཅན་དང་ཞིབ་ཕྲ་ཅན་བཟོ་དགོས་པ་དང་། དུས་ཚོད་རེའུ་མིག་དང་། ལས་འགན་ཡི་གེ ལམ་རིས། འགན་འཁྲི་བ་བཅས་ཁ་གསལ་བཟོ་བ། ལས་ཡུན་ལྡོག་རྩིས་དང་། ལས་རིམ་གསལ་འགོད་ཀྱིས་དམག་འཐབ། འཕེལ་རིམ་ལ་དམ་འཛིན་བཅས་བྱས་ཏེ་ལས་ཕྱོད་ཆེ་བ་དང་གོམ་སྟབས་མྱུར་བའི་སྒོ་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྲག་ཏུ་བབས་པའི་འགན་འཁྲི་ལྕི་པོ་འཁུར་བར། ངེས་པར་དུ་སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་དགོས། ལྗོངས་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པར། དང་ཐོག་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་སྟེ་དོན་དངོས་ལ་སྣང་ཆེན་དང་། སྐད་ཆ་དྲང་པོ་ཤོད་པ། བྱ་བ་དངོས་སྒྲུབ་པ། དངོས་ཕན་དོན་གཉེར་བཅས་བྱས་ཐོག་གཞི་རིམ་དང་། འཐབ་ས་དང་པོ། མང་ཚོགས་བཅས་ཀྱི་ཁྲོད་དུ་བསྐྱོད་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་བསམ་འཆར་ཉན་པ། དམངས་ཀྱི་བསམ་འདུན་རྟོགས་པ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་དར་སྤེལ་ཤུགས་ཆེན་བཏང་ནས་ལས་ཀའི་རྣམ་པ་བཟང་པོ་དང་སྔོན་ཐོན་གྱི་ས་ཆར་བསྐྱོད་དེ་ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་དགོས་ལ། དཀའ་ངལ་མང་བ་དང་། གནས་ཚུལ་རྙོག་འཛིང་ཆེ་བ། འགལ་ཟླ་རྣོ་ངར་ཆེ་བ་བཅས་ཀྱི་ས་ཆར་བསྐྱོད་ནས་གནད་དོན་ལ་ཞིབ་འཇུག་བྱེད་དགོས་ཤིང་། རྣ་བར་འགྲོ་བའི་མང་ཚོགས་ཀྱི་གཏམ་ཉན་དགོས་ལ་རྣ་བར་གཟན་པའི་མང་ཚོགས་ཀྱི་གཏམ་ཡང་ཉན་ཏེ། ཐོན་པའི་འགལ་ཟླ་དང་གནད་དོན་དག་གསལ་པོར་ཤེས་པར་བྱས་ནས་ལས་དོན་ཁག་ཡག་པོ་ཏན་ཏིག་སྒྲུབ་དགོས། འགོ་ཁྲིད་བྱེད་སྟངས་དང་ལས་ཀ་བྱེད་ཐབས་ཟམ་མི་ཆད་པར་ལེགས་སུ་བཏང་སྟེ་ཚོགས་འདུ་ཉུང་ཙམ་འཚོག་པ་དང་། གཏམ་བཤད་ཉུང་ཙམ་སྤེལ་བ། ལས་ཀ་ཏན་ཏིག་སྒྲུབ་པ། གོ་རིམ་སྟབས་བདེ་བཅས་བྱས་ནས་སེམས་པ་ལས་སྒྲུབ་ལས་གཏོད་ལ་འཇོག་པ་དང་སེམས་ནུས་ཚང་མ་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཐད་འཇོག་དགོས། ལས་ཕྱོད་ཆེ་རུ་གཏོང་བར་སྣང་ཆེན་གྱིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ་མཐའ་འཁྱོངས་བྱས་ཏེ་གང་བཤད་ཚིག་གནས་དང་གང་བྱས་མཐའ་འཁྱོལ་བྱས་ནས་ལས་དོན་ཁག་ཚང་མ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྲག་ཏུ་བབས་པའི་འགན་འཁྲི་ལྕི་པོ་འཁུར་བར། ངེས་པར་དུ་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། “གོ་གནས་མཐོ་པོ་ཡོད་པ་ཙམ་གྱིས་ནུས་པའང་རང་ཤུགས་ཀྱིས་ཆེ་བ་མི་མཚོན་པ་དང་དབང་ཆ་ཆེན་པོ་ཡོད་པ་ཙམ་གྱིས་འཇོན་ཐང་ཡང་རང་ཤུགས་ཀྱིས་ཆེ་བ་མཚོན་གྱི་མེད་པ”ངོས་འཛིན་གཏིང་ཟབ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཤེས་ཡོན་མི་འདང་བ་དང་། འཇོན་ཐང་མི་འདང་བ། ནུས་པ་མི་འདང་བ་བཅས་ཀྱི་དགོས་གཏུག་གི་བསམ་པ་ཡོད་དགོས་པ་དང་། རང་རྟོགས་ངང་སློབ་སྦྱོང་ལ་ཤུགས་སྣོན་དང་ལག་ལེན་ལ་ཤུགས་སྣོན། ནམ་ཡང་ཁེངས་དྲེགས་མི་བྱེད་པ་དང་ནམ་ཡང་སྒྱིད་ལུག་མི་བྱེད་པར་རྒྱུན་ཆད་མེད་པར་ལས་ཀར་སྐུལ་འདེད་གཏོང་བའི་བྱ་སྤྱོད་སྤེལ་ནུས་དང་། ལས་སྒྲུབ་ལས་གཏོད་ཀྱི་ལག་ལེན་བསྟར་ནུས། རང་འགན་གཙང་སྒྲུབ་ཀྱི་ཐོན་སྐྱེད་བྱེད་ནུས། གདོང་མཆོང་བྱེད་ཕོད་པ་དང་ཚོད་ལྟ་བྱེད་ཕོད་པའི་གསར་གཏོད་བྱེད་ནུས་བཅས་ཆེ་རུ་གཏོང་དགོས། ལག་ལེན་བསྟར་རིང་སློབ་སྦྱོང་དང་སློབ་སྦྱོང་བྱེད་རིང་ལག་ལེན་མཐའ་འཁྱོངས་ཀྱིས་བརྩོན་ཞིབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། མར་ཁེ་སི་རིང་ལུགས་རིགས་པའི་གཞུང་ལུགས་དང་ལྷག་པར་དུ་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་། ཕྱོགས་ཁག་གི་རྨང་གཞིའི་རང་བཞིན་གྱི་ཤེས་བྱ་སློབ་སྦྱོང་། ཤེས་བྱ་གསར་པ་དང་རྩལ་ནུས་གསར་པ་སློབ་སྦྱོང་བཅས་བྱས་ནས། རང་འགན་གཙང་སྒྲུབ་བྱེད་པར་དགོས་ངེས་ཀྱི་ཤེས་བྱའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས། དུས་བབ་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་བསྟུན་ཏེ་ལག་ལེན་དངོས་ནས་སློབ་སྦྱོང་དང་གཞི་རིམ་དང་མང་ཚོགས་ལ་སློབ་སྦྱོང་བྱས་ནས། དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ལས་སྒོ་བྱང་ཆུབ་པའི་མི་སྣར་ཧུར་ཐག་འགྱུར་བར་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྲག་ཏུ་བབས་པའི་འགན་འཁྲི་ལྕི་པོ་འཁུར་བར། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་དགོས། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ་རིམ་ཁག་འགོ་ཁྲིད་ཚན་ཁག་དང་། ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ནས། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་མི་རིགས་ཁག་གི་མང་ཚོགས་ལ་སྣེ་ཁྲིད་ཀྱིས་དཀའ་སྡུག་གི་ཚོད་བགམ་ལ་ཁ་གཏད་གཅོག་པ་དང་། དཀའ་ངལ་དང་འགྲན་སློང་ལས་རྣམ་པར་རྒྱལ་བ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་ཆབ་སྲིད་ཀྱི་སྟོབས་ཤུགས་ལ་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས། མི་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་ཁ་གསལ་བཙུགས་ཏེ་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་སྤྱོད་པ་དང་གྲུབ་འབྲས་ལ་བརྟེན་ནས་དཔའ་བོ་གླེང་རྒྱུ་མཐའ་འཁྱོངས་ཀྱིས་དར་ཆ་གསལ་སྟོན་གྱི་སྒོ་ནས་དངོས་སྒྲུབ་ཀྱི་གྲུབ་འབྲས་འཐོབ་མཁན་ལ་གཟེངས་བསྟོད་དང་། སྒྱུར་བཅོས་ཧུར་ཐག་བྱེད་མཁན་ལ་རྒྱབ་སྐྱོར། འཚོལ་ཞིབ་བྱེད་ཕོད་མཁན་ལ་སྐུལ་ལྕག སྲིད་སྐྱོང་ལྷོད་གཡེང་གི་འགན་འཛོལ་བ་ཕྱིར་འབུད། ཁྲིམས་འགལ་ངང་སྒྲིག་ཁྲིམས་དཀྲུག་མཁན་ལ་ཆད་པ་གཅོད་པ་བཅས་བྱེད་པ་དང་། སྲོལ་ལུགས་གཅིག་གི་འཆིང་རྒྱ་ལས་གྲོལ་ནས་བྱས་རྗེས་འཇོག་འདོད་ཡོད་པ་དང་། བྱས་རྗེས་འཇོག་ཐུབ་པ། བྱས་རྗེས་འཇོག་མཁས་པ་བཅས་ཀྱི་ལས་བྱེད་པ་དེ་བས་མང་བ་ལས་གནས་གཙོ་བོའི་ཐོག་འདེམས་བསྐོ་བྱས་ནས་ཕུལ་བྱུང་ལས་བྱེད་པ་དང་ཤེས་ལྡན་པ་འབུར་དུ་ཐོན་པའི་ལམ་སྲོལ་ནུས་ལྡན་ཧུར་ཐག་ཆགས་པར་བྱས་ཏེ་ལས་བྱེད་པ་འཚར་ལོངས་དང་ཤེས་ལྡན་པར་འགྱུར་བར་ཕན་པ་ཡོད་པའི་ཁོར་ཡུག་བཟང་པོ་གཏོད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནད་དོན་ཐད་དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་བརྟན་པོར་འཛུགས་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁའི་གྲུབ་འབྲས་རྒྱུན་མཐུད་བརྟན་དུ་དང་རྒྱ་སྐྱེད་བཏང་ནས། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་བ་དང་། འགྱུར་བ་གཏན་ནས་མེད་པ། རི་བོ་ཐའེ་ཧྲན་ལྟར་བརྟན་པ་བཅས་ཡོང་བར་བྱེད་དགོས། སྤྱོད་གཙང་རང་འདོམས་ལ་སྣེ་ཁྲིད་བྱས་ནས་ཏང་གི་སྒྲིག་ཡིག་ལ་གོང་བཀུར་དང་། ཏང་གི་སྒྲིག་ཁྲིམས་ནན་སྲུང་། བཅའ་ཁྲིམས་ལ་གུས་སྐྲག་བཅས་བྱེད་པ་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་དང་། ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་། མི་སྒེར་གྱི་ཀུན་སྤྱོད་བཅས་ནན་པོ་སྲུང་བ། རང་གཅུན་ནན་པོ་དང་བླང་བྱ་ནན་པོ་འདོན་ཐུབ་པ། རང་ཉིད་དང་། གཉེན་ཉེ། ཉེ་འགྲམ་གྱི་ལས་དོན་མི་སྣ་བཅས་ལ་དོ་དམ་ཡག་པོ་བྱེད་པ། ཏན་ཏན་ཏིག་ཏིག་ངང་བྱ་བ་སྒྲུབ་པ་དང་། མི་བདེན་པ་བདེན་ཐུབ་བྱེད་པ། དཔོན་སྤྱོད་པ་གཙང་མ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་བག་ཡོད་ཚུལ་དང་ལྡན་པ་དང་རྒྱུ་རྔན་ཟས་གནོངས་མེད་པ་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འགོ་འཛུགས་ས་གསར་པར་རྣམ་པ་གསར་པ་དགོས་པ་དང་ཚན་ཁག་གསར་པས་བྱས་རྗེས་གསར་པ་འཇོག་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་ལྷག་བསམ་རྣམ་དག་ངང་འགན་འཁྲི་གཙང་སྒྲུབ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བཅས་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གཏན་ལ་འཁེལ་བའི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱས་ནས་ཏང་ཀྲུང་དབྱང་དང་ལྗོངས་ཡོངས་ཀྱི་མི་དམངས་ལ་བློ་ཡིད་ཚིམ་པའི་ཕུལ་བྱུང་གི་རྒྱུགས་ལན་ཞིག་ཧུར་ཐག་འབུལ་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།