ཝང་ཅུན་ཀྲེང་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅིར་བདམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོས་ཟླ11ཚེས30ཉིན་ཝང་ཅུན་ཀྲེང་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅིར་འདེམས་བསྐོ་བྱས་ཤིང་། བློ་བཟང་རྒྱལ་མཚན(བོད་རིགས)དང་ཡན་ཅིན་ཧའེ།(བོད་རིགས)ཀྲོང་ཡན། ཁྲེན་ཡུང་ཆི་བཅས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པར་བདམས་ཐོན་བྱུང་བ་དང་། ཀྲང་ཞུའེ་ཅེ་དང་ལིའུ་ཅང་། ཝང་ཝེ་ཏུང་། ཝང་ཧའེ་ཀྲོའུ། ལའེ་ཅིའུ། རེན་ཝེ། ཕུར་བུ་དོན་གྲུབ།(བོད་རིགས)ཀརྨ་ཚེ་རིང་།(བོད་རིགས)ཞའོ་ཡིའུ་ཚའེ།(བོད་རིགས)ཟླ་བ་ཚེ་རིང(བོད་རིགས)བཅས་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུར་བདམས་ཐོན་བྱུང་། ཀྲུང་གུང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོའི་སྟེང་ཝང་ཝུའེ་ཏུང་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིར་བདམས་པ་དང་། ཀུང་ཧུའེ་ཚའེ་དང་སྟོབས་ཆེན།(བོད་རིགས)ཏང་ཝན་ཅུན། ལིའུ་ཐའོ་ཉན་བཅས་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པར་བདམས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།