ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་དགུན་དུས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་སྒྲོག་འགྲེལ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས“ཁྲིམས་སྲོལ་བསྲུངས་ནས་གུས་ཞབས་ཤེས་པ་དང་བདེ་འཇགས་དང་ཡ་རབས་ངང་ཕྱིར་སྐྱོད”བརྗོད་དོན་གཙོ་བོར་བྱས་པའི་དགུན་དུས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྤྱི་པའི་འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོང་རུ་ཆེན་གྱིས་ལྷ་ས་གྲོང་ཁྱེར་དྲ་འབོད་གླ་འཁོར་ཁེ་ལས་དང་བོགས་གཏོང་རླངས་འཁོར་ཀུང་སིར་བསྐྱོད་དེ། སྐྱེལ་འདྲེན་འཁོར་རིགས་ལ་ཡོངས་ཁྱབ་ཏུ་གནས་པའི་མྱུར་ཚད་ལས་བརྒལ་ནས་གཏོང་བ་དང་། ཁྲིམས་འགལ་ངང་རླངས་འཁོར་འཇོག་པ། རླངས་འཁོར་གཏོང་སྐབས་ཁ་པར་རྒྱག་པ་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་དབྱེ་ཞིབ་བྱས་ནས། བདེ་འཇགས་ངང་རླངས་འཁོར་གཏོང་བ་དང་ཡ་རབས་ངང་རླངས་འཁོར་གཏོང་བའི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་དང་། ལྷ་ནག་མྱུར་བགྲོད་གཞུང་ལམ་རུ་ཆེན་གྱིས་འདམ་གཞུང་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དང་དེ་བཞིན་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་མཉམ་དུ་ཡངས་པ་ཅན་གྲོང་རྡལ་དུ་བསྐྱོད་དེ་ཉེ་བའི་ལོ་ཤས་རིང་ཞིང་འབྲོག་མང་ཚོགས་དང་འབྲེལ་བ་ཡོད་པའི་དཔེ་མཚོན་གྱི་གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་གྱོད་དཔེར་དབྱེ་ཞིབ་བྱས་ནས། རྒྱ་ཆེའི་འགྲིམ་འགྲུལ་ལ་ཞུགས་མཁན་ཚོར་ཁྲིམས་སྦྱོང་ཁྲིམས་སྤྱོད་དང་ཁྲིམས་བཀུར་ཁྲིམས་སྲུང་གིས་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་སྟེ། ཡ་རབས་འགྲིམ་འགྲུལ་ལ་ཞུགས་མཁན་ཞིག་བྱེད་པ་དང་བདེ་འཇགས་ངང་ཕྱིར་སྐྱོད་དང་ཁྱིམ་དུ་ལོག་དགོས་པའི་འབོད་སྐུལ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།