ཏང་འཛུགས་སྐྱོང་ལ་བརྟེན་ནས་ལྗང་མདོག་ཁོར་ཡུག་འཕེལ་རྒྱས་བཏང་བ།

—— བྲག་གཡབ་རྫོང་འཁན་ཐང་ཤང་གིས་ལྗང་མདོག་འཁན་ཐང་གི་ཏང་འཛུགས་སྐྱོང“མིང་བྱང”ཧུར་ཐག་བཏོད་པའི་སྐོར་བཀོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་འཁན་ཐང་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “ཏང་འཛུགས་སྐྱོང+ཁོར་ཡུག་བཅོས་སྐྱོང”གི་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་གསར་བརྗེའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་སྤྱི་ཡོངས་སྤྱི་འདོམས་བྱས་ཏེ“ལྗང་མདོག་འཁན་ཐང”གི་ཏང་འཛུགས་སྐྱོང“མིང་བྱང”ཧུར་ཐག་བཏོད་ཡོད།

རྩེ་རིམ་ཇུས་འགོད་བྱས་ཏེ་ཕྱོགས་ཡོངས་སྐུལ་འདེད་ཀྱི་ཐབས་ཇུས་ཡག་པོ་བཏིང་བ།

འཁན་ཐང་ཤང་ལ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4100ཡོད་པ་དང་། ཤང་ཡོངས་ལ་སྲིད་འཛིན་གྲོང་ཚོ་7དང་རང་བྱུང་གྲོང་ཚོ་27ཡོད་ལ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་684ལྷག་ཙམ་ཡོད། ཉེ་བའི་ལོ་ཤས་རིང་། ས་ཁོངས་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ལ་སྤྱི་ཡོངས་ནས་སྐུལ་འདེད་ཇི་ལྟར་གཏོང་རྒྱུ་དེ་འཁན་ཐང་ཤང་ཏང་ཨུད་དང་སྲིད་གཞུང་ལ་འཕྲད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར།

“ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་གཙོ་ཁྲིད། ཀྲི་པུས་མཉམ་ལས། མི་སྣ་ཡོངས་ཞུགས་པ”བཅས་བྱས་ནས་བློ་བསྡུས་དགེ་འཚོལ་བྱས་རྗེས་འཁན་ཐང་ཤང་གི་ཁོར་ཡུག་བཅོས་སྐྱོང་གི་བསམ་ཕྱོཌ་རིམ་བཞིན་ཁ་གསལ་བྱུང་ཡོད།

ས་ཁོངས་ཧྲིལ་པོའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁོར་ཡུག་བཅོས་སྐྱོང་ལ་ཞབས་འདེགས་ཞུ་བའི་ལས་དོན་འཁན་ཐང་དུ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་སྟེ།

འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས“ལམ་ཐིག་རི་མོ”བཟོས་ཤིང་། འཁན་ཐང་ཤང་གིས་ཁོར་ཡུག་བཅོས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་མགྱོགས་མྱུར་བཙུགས་ནས་ཏང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། གྲོང་སྡོད་ལས་དོན་རུ་ཁག མངཌ་པའི་ཀྲི་པུའི་ཧྲུའུ་ཅི་སོགས་ཚང་མ་འགོ་ཁྲིད་ཚོགས་ཆུང་ནང་བཅུག་སྟེ། གྲོང་གསེབ་དར་རྒྱས་དང་སྐྱེ་ཁམས་སྡོད་མལ་གྱི་རྩ་དོན་གྱི་བླང་བྱ་གཞིར་བཟུང་། འཁན་ཐང་ཤང་གི་ཁོར་ཡུག་བཅོས་སྐྱོང་ལས་དོན་གྱི་ལག་བསྟར་ཇུས་གཞི་བཟོས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཕྱོཌ་ཡོངས་ནས་ཤུཌ་སྣོན་བརྒྱབ་སྟེ། ལས་དོན་ལ་བཀོད་སྒྲིག་ཡོད་པ་དང་། དོན་འཁྱོལ་ཐུབ་པ། ཕན་འབྲས་ཐོན་པ་བཅས་བྱས་ཡོད།

ཁུལ་དབྱེ་ནས“འགན་འཁྲིའི་ཡི་གེ”བཞག་ཅིང་། ཏང་འཛུགས་སྐྱོང་ལས་དོན་གྱི་ཡུག་འགན་གཙང་ལེན་པའི་གོ་སྐབས་ལ་བརྟེན་ནས་ཏང་ཨུད་ཚན་ཁག་གི་ཁོངས་མི་རེ་རེས་གྲོང་ཚོ་གཅིག་འགན་ལེན་དང་། ལམ་གཅིག་འགན་ལེན། ཆུ་བོ་གཅིག་འགན་ལེན། རི་བོ་གཅིག་འགན་ལེན་བཅས་བྱས་ཏེ། ཁོར་ཡུག་ལེགས་བཅོས་ལ་ཤུགས་སྣོན་བརྒྱབ་ཡོད། གྲོང་ཚོའི(གྲོང་ལྷན)ཁོར་ཡུག་བཅོས་སྐྱོང་ཐད“དྲ་མིག་ཅན”གྱི་དོ་དམ་བྱེད་ཐབས་སྤྱད་པ་མ་ཟད། “ལམ་དཔོན་ལམ་ལུཌ”དང་། “ས་ཁོངས་དཔོན་གྱི་ལམ་ལུཌ” “ཁྲོམ་གཞུང་དཔོན་གྱི་ལམ་ལུགས”བཅས་བཟོས་ནས་སྒོ་འགྲམ་དུ“འགན་ལེན་གསུམ”ཡོད་པ་དང་ཁོར་ཡུག་ཐད“གཙང་སེལ་བཞི”ཡོད་པ་བྱས་ཡོད། དེ་དང་ཆབས་ཅིག ཤང་དང་། གྲོང་ཚོ། དུད་ཚང་བཅས་རིམ་པ་གསུམ་གྱིས་ཁོར་ཡུག་བཅོས་སྐྱོང་གི་དམིཌ་ཚད་ཡི་གེ་བཞག་ཡོད།

མི་སྣ་ཡོངས་ཞུགས་ནས་གཅིག་སྡུད་བཅོས་སྒྲིག་གི“འགག་སྒྲོལ་དམག་འཐབ”ཡག་པོ་བརྒྱབ་པ།

ཉིན་ལྟར་དགོང་ཟས་བཟས་རྗེས་མདོ་ཆུའི་འགྲམ་དུ་འཆམ་འཆམ་དུ་ཡོང་མཁན་གྲོང་མི་ཚོས་ཤང་ཏང་ཨུད་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་གཞུང་ལམ་ལམ་རྒྱུད་དང་གཙང་འགྲམ་དུ་གད་སྙིགས་སྒྲུག་བཞིན་པ་མཐོང་རྒྱུ་ཡོད། དེ་ཡང་ཤང་དེའི་ལས་མི་ཡོངས་ཞུགས་ནས་ཁོར་ཡུག་གཅིག་སྡུད་བཅོས་སྐྱོང་གི“འགག་སྒྲོལ་དམག་འཐབ”ཡག་པོ་བརྒྱབ་པའི་བྱེད་སྒོ་ཞིག་རེད་ལ་འཁན་ཐང་ཤང་ཏང་ཨུད་དང་སྲིད་གཞུང་གིས“མཐའ་བདུན་མཛེས་བཞི་ཅན་བཞི”དང“བཅོས་སྒྲིག་གསུམ་དང་མཐོར་འདེགས་གསུམ”གྱི་ཁོར་ཡུག་བཅོས་སྐྱོང་གི་བླང་བྱར་དམ་པོར་དམིགས་ནས“འཆམ་འཆམ་དུ་སྐྱོད་ཞོར་གད་སྙིགས་སྒྲུག་པ་དང་ཁོར་ཡུག་གཙང་མ་བཟོ་བའི”ལག་ལེན་བྱེད་སྒོ་གསར་གཏོད་བྱས་པ་ཞིག་ཀྱང་རེད། དེ་དང་ཆབས་ཅིག འཁན་ཐང་ཤང་གིས“ལྗོན་ཤིང་མེད་པའི་གྲོང་ཚོ་དང་དུད་ཚང”དུ“ལོ་གཅིག་ལ་མི་གཅིག་གིས་ལྗོན་ཤིང་རྐང་5”འཛུགས་པའི་ཆེད་དོན་བྱེད་སྒོ་ཧུར་ཐག་སྤེལ་ནས་སྔ་རྗེས་སུ་མདོ་ཆུ་གཙང་པོ་དང་འབྲོག་ཆུ་གཙང་པོའི་ངོགས་སུ“ཤིང་འཛུགས་ནགས་བཟོའི”བྱེད་སྒོ་སྤེལ་བར་ཁྱོན་ལྗོན་ཤིང་རྐང་1000ལྷག་ཙམ་བཏབ་ཡོད།

ཁོར་ཡུག་བཅོས་སྐྱོང་ལས་དོན་ཕྱོཌ་ཡོངས་ནས་སྤེལ་བ་བརྒྱུད། འཁན་ཐང་ཤང་གི་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཕྱིན་ཞིང་། ཡུལ་སྲོལ་ཤེས་དཔལ་ལའང་སྐུལ་འདེད་བཏང་ཡོད།

ནུས་ཤུགས་ཡོད་རྒུས་ཕུགས་ཕན་དོ་དམ་སྲུང་སྐྱོང་གི“ཐབས་བཟང་སྣ་ཚོགས”བཏོན་པ།

གྲོང་ཚོའི་རྣམ་པ་ལེགས་སུ་ཕྱིན་རྗེས་འཁན་ཐང་ཤང་གིས་ནུས་ཤུགས་ཡོད་རྒུས“ཐབས་བཟང་སྣ་ཚོགས”ལ་བརྟེན་ནས་ལས་སླ་པོར་བྱུང་བ་ཞིག་མིན་པའི་གྲུབ་འབྲས་ཡག་པོ་བསྲུངས་ཡོད།

ཕྱོགས་གཅིག་ནས་འཁན་ཐང་ཤང་ཏང་ཨུད་དང་སྲིད་གཞུང་གིས་གྲོང་གསེབ་དར་རྒྱས་ཀྱི་བརྟག་ཞིབ་ཆེ་མོ་དང“ལས་བྱེད་པ་སྟོང་གྲོང་ཚོ་སྟོང་དུ་བསྐྱོད་པའི”བརྟག་ཞིབ་སྒྲོག་འགྲེལ་ལས་དོན་སྤེལ་ནས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་གྲོང་སྡོད་ལས་དོན་གྱི“7+3”གྱི་ལས་འགན་ལ་གཞི་ཚུགས་ཏེ། “ཐང་ཆེན་ཆུང་ངུ་དང་རླུང་འཕྲིན་ཆེ་མོ”སོགས་གཞི་རྟེན་དུ་བྱས་ནས་འཕྲོད་བསྟེན་ཤེས་བྱ་སྒྲོག་འགྲེལ་བྱས་ཡོད།

ཕྱོགས་གཞན་ཞིག་ནས་སྒྲོག་འགྲེལ་ཡན་ལག་རུ་ཆུང་བཙུགས་ཏེ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པར་བརྟེན་ནས“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་རི་དངུལ་རི་ཡིན་པ” དང་། “མཐའ་བདུན་མཛེས་བཞི་ཅན་བཞི” “བཅོས་སྒྲིག་གསུམ་དང་མཐོར་འདེགས་གསུམ”སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་ནང་དོན་ལག་ལེན་བསྟར་ནས་ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ་བྱས་ཡོད། མིག་སྔའི་བར་སྒྲོག་འགྲེལ་ཕྱོགས་ཡོངས་ལ་ཁྱབ་ཡོད།

འཁན་ཐང་ཤང་གི་འབྲེལ་ཡོད་འགན་འཁུར་བས་སླད་ཕྱིན་འཁན་ཐང་ཤང་གིས་ཏང་ཨུད་ཀྱི་འགོ་ཁྲིད་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་གང་ལེགས་བྱས་ཏེ“ཏང་འཛུགས་སྐྱོང+ཁོར་ཡུག་བཅོས་སྐྱོང”གི་བྱེད་ཐབས་གཏིང་ཟབ་ཞིབ་ཚགས་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཏང་རྩ་འཛུགས་དང་ཁོར་ཡུག་སྲུང་སྐྱོང་ལ་བརྟེན་ནས“ལྗང་མདོག་གི་འཁན་ཐང”གི་རྣམ་པ་གསར་པ་གཏོད་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།