བོད་ལྗོངས་སློབ་ཆེན་ལ་རབ་འབྱམས་པའི་བསླབ་གནས་སྟེར་ས12གསར་སྣོན་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་བསླབ་གནས་ཨུ་ལྷན་གྱིས《2020ལོར་ཞིབ་བཤེར་ཁ་སྣོན་བྱས་པའི་འབུམ་རམས་པ་དང་རབ་འབྱམས་པའི་བསླབ་གནས་སྩོལ་དབང་ཐོབ་པའི་མིང་ཐོ་གཤམ་གཏོང་བྱ་རྒྱུའི་སྐོར་གྱི་བརྡ་སྦྱོར》འགྲེམས་སྤེལ་བྱས་ཤིང་། བོད་ལྗོངས་སློབ་ཆེན་གྱི་ཁྲིམས་ལུགས་རིག་པ་དང་འཛུགས་སྐྲུན་རིག་པ། རྩིས་རིག་བཅས3ལ་རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་བསླབ་གནས་སྩོལ་དབང་ཐོབ་པ་དང་། བཅའ་ཁྲིམས། ཡུལ་སྐོར་དོ་དམ། ཡིག་སྒྱུར། འགྲིམ་འགྲུལ་སྐྱེལ་འདྲེན། སྤྱི་པའི་འཕྲོད་བསྟེན། དངུལ་རྩ། བཀོལ་སྤྱོད་སེམས་ཁམས། གསར་འགྱུར་དང་བརྒྱུད་སྤེལ། སྤྱི་པའི་དོ་དམ་བཅས་ཆེད་ལས9ལ་རབ་འབྱམས་པའི་བསླབ་གནས་སྩོལ་དབང་ཐོབ་པ་རེད།

ཐེངས་འདིར་བསླབ་གནས་སྟེར་ས12གསར་སྣོན་བྱས་པ་དེས་བོད་ལྗོངས་སློབ་ཆེན་གྱི་བསླབ་གནས་སྩོལ་དབང་གི་གྲུབ་ཚུལ་སྔར་བས་ཇེ་ལེགས་སུ་བཏང་ནས། བོད་ལྗོངས་སློབ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་དང་། བོད་ལྗོངས་སློབ་ཆེན་གྱི་སློབ་གཉེར་སྟོབས་ཤུགས་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བ་དང་། ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། ཞིབ་འཇུག་སློབ་མའི་སློབ་གསོར་ཤུགས་སྣོན་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། མིག་སྔའི་བར་དུ། བོད་ལྗོངས་སློབ་ཆེན་ལ་རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་བསླབ་གནས་སྟེར་ས3དང་། རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་བསླབ་གནས་སྟེར་ས21། རབ་འབྱམས་པའི་ཆེད་ལས་བསླབ་གནས་སྟེར་ས14བཅས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།