​ཀྲུང་གོ་ཀོང་ཧྭ་ཚན་རྩལ་ཐེབས་རྩ་ཚོགས་པས་ལོ་གཉིས་རིང་བོད་ལྗོངས་ལ་སློབ་གསོའི་ཐོན་ཁུངས་སྒོར་ཁྲི2000ལྷག་ཞལ་འདེབས་ཕུལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཀྲུང་གོ་ཀོང་ཧྭ་ཚན་རྩལ་ཐེབས་རྩ་ཚོགས་པས་ཨན་ཧུའེ་བོད་སྐྱོར་བཀོད་འདོམས་པུའུ་དང་མཉམ་འབྲེལ་བྱས་ཏེ། ཉེ་སྔོན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དུ“བོད་ལྗོངས་སུ་བརྩེ་བ་ཟབ་མོ་བཅངས་ནས་མཉམ་དུ་དྲ་ཐོག་སློབ་སྐྱོར་བྱེད”ཅེས་པའི་སྤྱི་ཕན་བྱ་འགུལ་སྤེལ་ནས། སྣ་དཀར་རྩེ་གྲོང་རྡལ་ཆ་ཚང་སློབ་ཆུང་དུ་སློབ་འབྲིང་དང་སློབ་ཆུང་གི་ཀུན་སྤྱོད་སློབ་གསོའི་སློབ་ཚན་ནང་དོན་དུ་བྱས་པའི་གྲངས་འཛིན་ཅན་གྱི་ཀུན་སྤྱོད་སློབ་གསོའི་སློབ་ཚན་གྱི་ཞལ་འདེབས་ཕུལ་བ་རེད།

ཀྲུང་གོ་ཀོང་ཧྭ་ཚན་རྩལ་ཐེབས་རྩ་ཚོགས་པའི་དོ་དམ་པུའུ་ཡི་ཀྲུའུ་རེན་གཞོན་པ་ལིའུ་ཞའོ་ཞའོ་ཡིས“བོད་ལྗོངས་སུ་བརྩེ་བ་ཟབ་མོ་བཅངས་པ”ཞེས་པའི་མུ་འབྲེལ་བྱ་འགུལ་སྤེལ་ནས་ལོ་གཉིས་རིང་། ཐེབས་རྩ་ཚོགས་པས་རིམ་རྩིས་བྱས་ན་བོད་རང་སྐྱོང་ལྗོངས་ལ་རིན་ཐང་སྒོར་ཁྲི1200ཡི་དཔེ་དེབ་དང་། སྒོར་ཁྲི1000གི་དྲ་ཐོག་སློབ་གསོའི་ཐོན་ཁུངས། སྒོར་ཁྲི30ཡི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་འཚར་ལོངས་ཡོང་བར་མཁོ་བའི་དངོས་ཟོག་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས།

ལིའུ་ཞའོ་ཞའོ་ཡིས“ང་ཚོས‘མཉམ་དུ་དྲ་ཐོག་སློབ་སྐྱོར་བྱེད་པའི’སློབ་ཆེན་སློབ་མས་ཞིང་སྡེའི་སློབ་གསོར་ཞབས་འདེགས་ཞུ་བའི་སྤྱི་ཕན་བྱ་སྤྱོད་སྤེལ་བ་བརྒྱུད། མཐོ་རིམ་སློབ་གྲྭ་ཁག་གི་ཕུལ་བྱུང་སློབ་ཆེན་སློབ་མ་བསྡུས་ནས་ས་གནས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མར་འབྲེལ་མཐུད་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་བརྗོད་གཞིར་བྱས་པའི་དྲ་ཐོག་ལྟ་ཀློག་དང་དྲ་ཐོག་ཞིབ་འཇུག དྲ་ཐོག་རོགས་རམ་སོགས་ཀྱི་སྤྱི་ཕན་བྱ་འགུལ་སྤེལ་ནས་བོད་ལྗོངས་ཀྱི་ཀུན་སྤྱོད་སློབ་གསོའི་ལག་ལེན་གསར་པ་སྤེལ་བར་རམ་འདེགས་བྱ་རྒྱུ་ཡིན”ཞེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།