“གྲོང་གསེབ་དར་རྒྱས་དང་མཐའ་མཚམས་སྲ་བརྟན་དུ་གཏོང་བའི་དངུལ་བུན”ཁག་དང་པོ་གཞིས་རྩེར་དོན་འཁྱོལ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་མཐའ་མཚམས་གྲོང་མིའི་གྲངས་འབོར་ལ་དམིགས་ཏེ་བཟོས་པའི“གྲོང་གསེབ་དར་རྒྱས་དང་མཐའ་མཚམས་སྲ་བརྟན་དུ་གཏོང་བའི་དངུལ་བུན”གྱི་ཡིད་རྟོན་དངུལ་བུན་ཐོན་རྫས་ཁག་དང་པོ་སྤྲོད་པའི་མཛད་སྒོ་གྲོ་མོ་རྫོང་དུ་འཚོགས་ནས། མང་ཚོགས་དུད་ཚང་20ལ“གྲོང་གསེབ་དར་རྒྱས་དང་མཐའ་མཚམས་སྲ་བརྟན་དུ་གཏོང་བའི་དངུལ་བུན”སྒོར་ཁྲི་460སྤྲད་པ་དང་འབྲེལ། ལྗོངས་ཡོངས་སུ་དངུལ་རྩའི་ཐོན་རྫས་དེ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “གྲོང་གསེབ་དར་རྒྱས་དང་མཐའ་མཚམས་སྲ་བརྟན་དུ་གཏོང་བའི་དངུལ་བུན”ནི་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་བརྟག་ཞིབ་གང་ལེགས་བྱས་པ་གཞིར་བྱས། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྒྲིག་སྲོལ་ལམ་ལུགས་རབ་དང་རིམ་པ་གཞི་འཛིན་སར་བྱས་ནས་ཞིང་ལས་དངུལ་ཁང་གི་ཡིད་རྟོན་དངུལ་བུན་ཆོག་འཐུས་ཆ་རྐྱེན་དང་མཐུན་པའི་མཐའ་མཚམས་མང་ཚོགས་ལ་རང་རྟེན་དངུལ་བུན་བཏང་སྟེ། དེའི་ཐོན་སྐྱེད་གཉེར་སྐྱོང་དང་འཛད་སྤྱོད་མ་དངུལ་གྱི་དགོས་མཁོ་སྐོང་བར་སྤྱོད་པའི་མཐའ་མཚམས་མང་ཚོགས་མི་སྒེར་གྱི་དངུལ་བུན་ཞིག་རེད། ཆོག་འཐུས་ཆ་རྐྱེན་འཛོམས་པའི་ཚོང་དུད་ལ་ཞིང་འབྲོག་དུད་ཚང་གི་མ་རྩའི་ཡིད་རྟོན་གནས་ཚུལ་དང་དངུལ་བུན་འཇལ་བའི་ནུས་པ་སོགས་ཕྱོགས་བསྡུས་རྒྱུ་རྐྱེན་ལ་གཞིགས་ནས་རིགས་མི་འདྲ་བའི“མཐའ་མཚམས་སྲ་བརྟན་དུ་གཏོང་བའི་དངུལ་བུན་ལག་ཁྱེར”སྤྲད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།