“རྫོང”ནས“ཆུས”བར་གྱི་ཉམས་ལྡན་འཕོ་འགྱུར།

—— ནག་ཆུ་རྫོང“གྲོང་བསྒྱུར་ཆུས་འཛུགས”བྱས་ཚུན་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བཀྲག་མདངས་འཚེར་སའི་སྐོར་བཀོད་པ།

6a641d63-a2ff-47e0-8283-a2817a9a387b.jpg

འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཡིན་པ།

2017ལོའི་ཟླ་7ཚེས་18ཉིན་བོད་རང་སྐྱོང་ལྗོངས་ཀྱིས་ནག་ཆུ་ས་ཁུལ་ས་ཁུལ་རིམ་པའི་ནག་ཆུ་གྲོང་ཁྱེར་དུ་སྒྱུར་བར་མོས་མཐུན་བྱེད་་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་བཀོད་བཀའ་ལན་དུ། ནག་ཆུ་ས་ཁུལ་དང་ནག་ཆུ་རྫོང་གཉིས་པོ་ས་ཁུལ་རིམ་པའི་ནག་ཆུ་གྲོང་ཁྱེར་དང་རྫོང་རིམ་པའི་གསེར་རྙེད་ཆུས་སུ་བསྒྱུར་བ་དང་དེ་སྔའི་ནག་ཆུ་རྫོང་གི་སྲིད་འཛིན་ས་ཁོངས་གསེར་རྙེད་ཆུས་ཀྱི་སྲིད་འཛིན་ས་ཁོངས་སུ་བསྒྱུར་ཡོད།

2018ལོའི་ཟླ་4ཚེས་20ཉིན། ཀྲུང་གོ་གུང་ཁྲན་ཏང་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་དེ་ནི་ནག་ཆུ་རྫོང་གིས་རྫོང་བསྒྱུར་ཆུས་འཛུགས་ཀྱི་མཚམས་སུ་འཚོགས་པའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་རེད། དེ་ནས་བཟུང“ནག་ཆུ་རྫོང”ཞེས་པའི་མིང་དེ་ལོ་རྒྱུས་སུ་གྱུར་པ་དང“གསེར་རྙེད་ཆུས”ཞེས་པའི་མིང་དེ་གསར་དུ་ཐོན་ཡོད།

ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཀྲེ་ཅང་ཧང་ཀྲོའུ་དང་ཅ་ཤིང་གྲོང་ཁྱེར་གཉིས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་གསེར་རྙེད་ཆུས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུཌ་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། “ཏང་འཛུཌ་སྐྱོང་གིས་རྨང་གཞི་བརྟན་དུ་གཏོང་བར་སྣེ་ཁྲིད་དང་། ཁྲིམས་ལྟར་ཆུས་སྐྱོང་དྲང་གཞག་ལ་སྐུལ་འདེད་གཏོང་བ། ཡིད་རྟོན་གསེར་རྙེད་ཀྱིས་ཤེས་དཔལ་གཏོད་པ། དཔལ་འབྱོར་འཕེལ་རྒྱས་ཀྱིས་དམངས་འཚོར་ཕན་འདོཌ་པ”བཅས་ཀྱི་སྤྱི་ཡོངས་ཀྱི་བསམ་ཕྱོགས་དང“12345”དཔལ་འབྱོར་འཕེལ་རྒྱས་ཀྱི་དགོངས་པ་གཞིར་བཟུང་བརྟན་པོ་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེཌ་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ། བརྟན་ལྷིང་འགན་ལེན་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་བས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་གསལ་དོད་པ་དང་བཀྲག་མདངས་འཚེར་ས་ཆེན་པོ་ལྔ་མངོན་ཡོད་པ་རེད།

དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་མི་སེམས་ལ་གཏིང་ཟབ་ཟུག་པ།

གསེར་རྙེད་ཆུས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་གོང་འོག་སེམས་པ་གཅིག་མཐུན་དང་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ནུས་ཤུགས་ཡོད་རྒུས་རྒྱལ་ཁ་བླངས་པ་རེད། ཉེ་བའི་ལོ་ལྔའི་རིང་རིམ་རྩིས་བྱས་ན་རིགས་ཁག་གི་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་26དོན་འཁྱོལ་བྱས་ནས་དབུལ་སྐྱོར་ཐོན་ལས་རྣམ་གྲངས་44ལག་བསྟར་བྱས་པར་ཕན་པ་འཐོབ་མཁན་མང་ཚོགས་མི་ཐེངས་48356ཟིན་པ་དང་། དུད་ཚང་2400དང་མི་10010ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལེགས་གྲུབ་ཟིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་ལ་བསྙེན་བཀུར། དཀའ་ངལ་ཆེ་བ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་སོགས་རིགས་ཁག་གི་ཉམས་ཞན་ཚོགས་སྤྱི་མི་ཐེངས་94733ལ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1.8སྤྲད་པ། མི་ཐེངས་21935ལ་དུད་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་གཞན་སྒྱུར་ལེགས་གྲུབ་ཟིན་ནས་རིམ་རྩིས་བྱས་ན་འབབ་འཕར་སྒོར་དུང་ཕྱུར་4.37བྱུང་ཡོད་པ་རེད།

“ཁག་གཅིག་རེ་ལྔ”དང“གནད་སྨིན་དྲུག” “དམིགས་སར་འབྱོར་བ་བརྒྱད” “4+6+2”བཅས་ཀྱི་དབུལ་སྐྱོར་བྱེད་ཐབས་ལག་བསྟར་བྱས་པ་བརྒྱུད། གསེར་རྙེད་ཆུས་ཀྱི་དུད་ཚང་5471དང་མི་24008ཕྱོགས་ཡོངས་ནས་དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་134དབུལ་པོའི་གནས་ལས་བསྒྲལ་བ། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2015ལོའི་ལོ་མཇུག་གི་སྒོར་2570ནས་2020ལོའི་ལོ་མཇུག་གི་སྒོར་10972བར་འཕར་ནས་ལྡབ་3.27མང་དུ་ཕྱིན་པ་དང་། དབུལ་པོ་ཐོན་ཚད་26%ནས་0བར་ཆག་སྟེ་ལོ་རྒྱུས་རང་བཞིན་གྱིས་དབུལ་པོ་དབུལ་ནག་བསལ་ཏེ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་སྔོན་དཔག་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་ཡོད།

འབྲོག་ལས་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་ལེགས་པ་དང་ཕན་འབྲས་ཆེ་རུ་ཕྱིན་པ།

ཉེ་བའི་ལོ་ཤས་རིང་། གསེར་རྙེད་ཆུས་ཀྱིས“སྣེ་གཉིས་ལ་དམ་འཛིན་དང་བར་མར་སྐུལ་འདེད་གཏོང་བའི”འབྲོག་ལས་ཐོན་ལས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ལག་བསྟར་དོན་འཁྱོལ་མཐའ་འཁྱོངས་བྱས་པ་དང་། དཀར་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞི་སྣེ་འདྲེན་དུ་བྱས་ནས་ཆུས་དེའི་ཤང་དང་གྲོང་རྡལ་12དང་གྲོང་ཚོ་134ཡི་འབྲོག་ལས་ཐོན་ལས་ཀྱི་འཕེལ་རྒྱས་གཏོང་སྟངས་ཀྱི་རྣམ་པ་ཆགས་པར་ཁྱབ་འགྱེད་སྣེ་ཁྲིད་བྱས་པས། ཞིང་དུད་དང་དེང་རབས་ཞིང་ལས་ནུས་ལྡན་ངང་སྦྲེལ་མཐུད་ཐུབ་ཡོད།

འབྲོག་ལས་ཐོན་སྐྱེད་བྱེད་སྟངས་ལ་ནུས་ཤུགས་ཡོད་རྒུས་འགྱུར་ལྡོག་བཏང་ནས“ཤང་རེར་མཉམ་ལས་ཁང་རེ”དང“གྲོང་ཚོ་རེར་མཉམ་ལས་ཁང་རེ”འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། ལས་སྟེགས་ཀྱི་ནུས་པ་བཏོན་ཏེ་ཅིང་ཧུའེ་ཀུང་སི་དང་། ཅིང་རུའེ་གྲོང་ཁྱེར་མ་འཇོག་ཀུང་སི། ཀུན་གཏོད་བར་མཐོངས་སོགས་ཀྱི་གཞི་རྟེན་ལ་བརྟེན་ནས་ཁྱབ་ཁོངས་མང་པོ་དང་ལས་རྣམ་མང་པོའི་ཐོན་ལས་སྐྱོན་བྲལ་འཕེལ་རྒྱས་ལ་སྐྱེད་སྲིང་དང་སྐུལ་འདེད་བཏང་ཡོད། ཚོང་འགུགས་མ་འདྲེན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་དང་གསེར་རྙེད་ཆུས་ཕྱི་ནང་གི་ཁེ་ལས་དང་། མ་རྩ། ཤེས་ལྡན་མི་སྣ། ལག་རྩལ་བཅས་རྒྱ་ཁྱབ་ངང་བསྡུ་རུབ་དང་ནང་འདྲེན་བྱས་ཏེ་གསེར་རྙེད་ཆུས་སུ་རྩ་བ་ཚུགས་ཐུབ་པ་དང་འབྲས་བུ་འདོགས་ཐུབ་པར་བྱས་ནས་འཕེལ་རྒྱས་ཀྱི་ཞན་ཆ་བསལ་ཏེ་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ།

2020ལོའི་ལོ་མཇུག་བར་གསེར་རྙེད་ཆུས་ཀྱི་ཤང་དང་གྲོང་རྡལ་གྱི་འགྲོ་ལམ་ཤར་གཏོང་ཐུབ་ཚད་100%བར་མང་དུ་ཕྱིན་པ་དང་། སྒྲིག་ཚུད་གྲོང་ཚོའི་འགྲོ་ལམ་ཤར་གཏོང་ཐུབ་ཚད་100%བར་མང་དུ་ཕྱིན་པ། སྒྲིག་ཚུད་གྲོང་ཚོར་འགྲོ་ལམ་ཤར་བགྲོད་ཐུབ་ཚད་78%བར་མང་དུ་ཕྱིན་པ། འཕྲལ་སྡོམ་རོགས་སྐྱོབ་གནམ་ཐང་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་བ། ལྕགས་ལམ་དང་རྒྱལ་ཁབ་དང་ཞིང་ཆེན་མ་ལམ་སྒྲོམ་གཞི་གཙོ་བོར་བྱས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་ཁག་གི་འགྲོ་ལམ་གྱི་འགྲིམ་འགྲུལ་མ་ལག་རྒྱུན་ཆད་མེད་པར་ཆགས་པར་སྣུར་སྲིང་དང་འཛུགས་སྐྲུན་བྱས་པ། ནག་ཆུ་གྲོང་རྡལ་ལྟེ་བར་བྱས་ནས་ཆུས་དེའི་ཤང་དང་གྲོང་རྡལ་12དང་ཉེ་འཁོར་རྫོང་ལ་ཁྱབ་པའི་རིམ་པ་མང་བ་དང་ལམ་ཐིག་མང་བའི་འགྲིམ་འགྲུལ་དྲ་རྒྱ་རྒྱུན་ཆད་མེད་པར་རྒྱ་སྐྱེད་ཐུབ་ཡོད།

གློག་མཁོ་འདོན་གྱི་དྲ་རྒྱ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཞིང་། ནུས་རྒྱུའི་དཀའ་གནད་ཞི་ལྷོད་དུ་སོང་ནས་བོད་དབུས་གློག་དྲ་གཙོ་བོར་བྱེད་པ་དང་། ཆུ་དང་གློག འོད་ཤུགས། རླུང་ནུས་སོགས་ཁ་གསབ་ཏུ་བྱེད་པའི་གློག་འདོན་དྲ་རྒྱ་ཕྱོགས་ཡོངས་ནས་བསྐྲུན་པས་མང་ཚོགས་ལ་ཕན་པ་ཐོབ་ཚད་100%ཟིན་ཡོད།

གྲོང་ཁྱེར་འཛུགས་སྐྲུན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་སྐུལ་ཁྲིད་ཕན་འབྲས་རིམ་བཞིན་མངོན་ཞིང་། ནག་ཆུ་གྲོང་རྡལ་གྱི“ལས་གྲྭ་ཁག་གསུམ”དང་ཤང་དང་གྲོང་རྡལ་གྱི་དྲོད་རླངས་མཁོ་འདོན་གྱི་རྣམ་གྲངས་12བསྐྲུན་ཟིན་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། ལྷོ་རྒྱུད་ཁུལ་གསར་གྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་འགྲོ་ལམ་དང་། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད། “གསང་སྤྱོད་གསར་བརྗེ”སོགས་ཀྱི་གཙོ་གནད་རྣམ་གྲངས་ཁག་གཅིག་གི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་བ། རྒྱ་ཆེའི་མང་ཚོགས་གྲོང་ཁྱེར་དུ་ལས་ཞུགས་དང་གྲོང་ཁྱེར་དུ་གཞིས་ཆགས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱིས་གྲོང་གསེབ་ལ་སྣེ་ཁྲིད་དང་གྲོང་ཁུལ་གྱིས་འབྲོག་ཁུལ་ལ་འབྲེལ་མཐུད་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་ཆགས་ཡོད།

མང་ཚོགས་ཀྱི་འཚོ་བ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ།

ལས་ཞུགས་ཀྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ཅིང་། ཉེ་བའི་ལོ་ལྔའི་རིང་གསེར་རྙེད་ཆུས་སུ་རིམ་རྩིས་བྱས་ན་མི་ཐེངས་ཁྲི་3.06ལས་ཞུགས་གཞན་སྒྱུར་བྱུང་ནས་འབབ་འཕར་སྒོར་དུང་ཕྱུར་5.7བྱུང་ཡོད། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་90%ཡན་ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད།

སློབ་གསོའི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ཞིང་། 2020ལོའི་ལོ་མཇུག་ཏུ་སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་99.91%བར་མང་དུ་ཕྱིན་པ་དང་། དམའ་རིམ་སློབ་འབྲིང་གི་ན་འདྲེས་སློབ་ཞུགས་བྱེད་ཚད་98.7%བར་འཕར་ཡོད། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་བཏོན་པའི“100%ལྔའི”སློབ་གསོའི་དམིགས་ཚད་ཚང་མ་ལེགས་གྲུབ་ཟིན་པ་དང་འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ལ་རྒྱལ་ཁབ་རིམ་པའི་རྩིས་ཕྲོད་པ་རེད།

སྨན་བཅོས་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ཞིང་། ཤང་དང་གྲོང་རྡལ་12ཀྱི་ཚད་ལྡན་ཅན་གྱི་འཕྲོད་བསྟེན་ཁང་འཛུགས་བསྐྲུན་ལེགས་གྲུབ་ཟིན་པ་དང་། གསེར་རྙེད་ཆུས་རྒྱལ་ཡོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ཐེ་ཇུས་བྱེད་གནས་དང་རང་སྐྱོང་ལྗོངས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་དུ་བཅུག་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།