མཐུན་སྒྲིལ་སྟོབས་ཤུགས་གཅིག་ཏུ་བསྒྲིལ། བསྐྱར་དར་ཕུགས་འདུན་མཉམ་དུ་གྲུབ།

92434cbb-684d-48bc-bbb1-fbd84eb69ba4.jpg

འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐྱིད་རས་སྡེ་ཁུལ་དུ་མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་ཅའོ་ཙེ་སྒྲིལ་བཞིན་པ།

རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་བཅོས་སྐྱོང་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་བྱ་གཞག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་པས། རང་ལྗོངས་ཀྱི་མི་རིགས་ལས་དོན་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།

མི་རིགས་ལས་དོན་བཅོས་སྐྱོང་གི་ཕན་ནུས་དེ་བས་ཆེ་རུ་ཕྱིན་པ་དང་མི་རིགས་ལས་དོན་འཕེལ་རྒྱས་མྱུར་པོ་བྱུང་བ།

ལྷ་ས་གྲོང་ཁྱེར་ཝ་པ་གླིང་སྡེ་ཁུལ་ལ་ཉེ་བའི་ལོ་ཤས་རིང་མི་རིགས་མཐུན་སྒྲིལ་རིགས་ཀྱི་བྱ་དགའ་བཅུ་གྲངས་ཁ་ཤས་ཐོབ་ཅིང་། དེ་སྔ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མཉམ་སྡེབ”ལ་བདམས་མྱོང་ཡོད། སྡེ་ཁུལ་དེར་བོད་རིགས་དང་། རྒྱ་རིགས། ཧུད་རིགས། པའེ་རིགས། ཡུ་གུར་རིགས་སོགས་མི་རིགས་10ཡི་གྲོང་མི་འདུས་སྡོད་བྱེད་ཀྱི་ཡོད། མི་རིགས་མང་པོ་འདུས་སྡོད་ཀྱི་ཞི་མཐུན་དང་དྲོ་སྐྱིད་ལྡན་པའི་སྡེ་ཁུལ་བསྐྲུན་ཆེད། གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཕཱ་ཏུའུ་མ་ཡིས“《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)གིས་སྡེ་ཁུལ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞི་འཛིན་ས་མཁོ་འདོན་བྱས་ཡོད”ཅེས་བརྗོད།

ཝ་པ་གླིང་སྡེ་ཁུལ་ནི་བོད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཡག་པོ་བསྒྲུབས་པའི་བསྡུས་རིས་ཤིག་རེད། ལོ་ལྔའི་རིང་རང་ལྗོངས་ཀྱིས་དུས་རབས་གསར་པ་དང་བླང་བྱ་གསར་པར་དམིགས་ཏེ་མི་རིགས་ཀྱི་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་བྱེད་སྒོ་རྒྱུན་མཐུད་རྒྱ་སྐྱེད་གཏོང་བ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་བཏང་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ཡོད།

མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས《སྲོལ་ཡིག》གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་ལྟ་སྐུལ། སྲིད་གཞུང་གིས་ཁྱོན་ཡོངས་ནས་འགན་འཁུར། སྡེ་ཚན་ཁག་གིས་གཞོགས་འདེགས་དམ་ཟབ། སྤྱི་ཚོགས་ལས་རིགས་ཁག་གིས་མཐུན་སྦྱོར་ངང་ཞུགས་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་མཐའ་འཁྱོངས་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་བྱེད་སྒོ་ལས་ཁུངས་དང་། ཁེ་ལས། སྡེ་ཁུལ། ཤང་དང་གྲོང་རྡལ། གྲོང་ཚོ་ཨུ་ལྷན། སློབ་གྲྭ ལན་ཤོག་སོགས་སུ་སྤེལ་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྤྲོ་བཅས་ཡོང་བར་སྐུལ་འདེད་བཏང་བ་རེད།

“《སྲོལ་ཡིག》ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྗོངས་ཏང་ཨུད་ཀྱིས་མི་རིགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་གསོན་ཉམས་ལྡན་པའི་ལག་ལེན་དང་གྲུབ་འབྲས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་རྣམ་པའི་ཐོག་ནས་སྲ་བརྟན་བཟོས་པ་དང་ཡུན་རིང་མཐའ་འཁྱོངས་བྱས་ནས་མི་རིགས་ལས་དོན་བཅོས་སྐྱོང་བྱ་རྒྱུ་དེ་ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད། དེ་ནི་མི་རིགས་ཁག་གི་བུ་ཕྲུག་ཚོའི་ཐུན་མོང་གི་རེ་སྒུག་ཅིག་རེད”ཅེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་མི་རིགས་ཆོས་ལུགས་ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་རྡོ་རྗེ་ཚེ་རིང་གིས་བརྗོད།

དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱས་ཏེ་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་པ།

མ་གཞི་ལོ་གཉིས་འདས་ཟིན་ནའང་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཧང་ཅ་སློབ་འབྲིང་གི་ཟླ་བ་པད་མས་ད་དུང་ཡང་ཧང་ཀྲོའུ་ཅིང་ཧྭ་སློབ་འབྲིང་དུ་སྤེལ་རེས་དང་སློབ་སྦྱོང་བྱེད་སྐབས་ཀྱི་གནས་ཚུལ་ཡང་ཡང་གླེང་བ་མ་ཟད། ད་ལྟའི་སློབ་གྲོགས་ཚོར་སྐབས་དེ་དུས་ཀྱི་ཆ་སྒྲིག་རོགས་པ་ཆུང་ཆུང་ཧྥེང་དབྱི་ཧན་གྱི་སྐོར་ཤོད་ཀྱི་ཡོད།

“སྐབས་དེ་དུས་ཀྱི་སྤེལ་རེས་དང་སློབ་སྦྱོང་ནང་ཞུགས་མཁན་སློབ་གྲོགས་ཚང་མ་ཆ་སྒྲིག་རོགས་པ་ཆུང་ཆུང་གི་ཁྱིམ་དུ་སྡོད་ཀྱི་ཡོད། གཟའ་འཁོར་གཅིག་གི་སྤེལ་རེས་དང་སློབ་སྦྱོང་ཁྲོད་ང་ལ་རྒྱ་རིགས་གཅེན་གཅུང་གཅིག་མང་དུ་ཕྱིན་སོང་། ད་བར་ང་ཚོས་རྟག་ཏུ་འབྲེལ་བ་བྱས་ནས། ཕན་ཚུན་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་སྤེལ་རེས་བྱེད་ཀྱི་ཡོད། སྤེལ་རེས་དང་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་ངའི་སྤྱི་སྐད་དེ་བས་ལེགས་སུ་ཕྱིན་སོང་། འཛིན་གྲྭ་གཅིག་པའི་གྲོགས་པོ་ཆུང་ཆུང་ཚང་མར་བོད་སྐད་ཀྱི་མིང་རེ་ཡོད་པ་དང་། ངས་རྒྱ་ཡིག་འབྲི་བ་དང་སྤྱི་སྐད་ཤོད་ཀྱི་ཡོད། རྒྱ་རིགས་ཀྱི་སློབ་གྲོགས་ལའང་བོད་རིགས་ཀྱི་མིང་ཡོད”ཅེས་ཟླ་བ་པད་མས་བརྗོད།

བོད་ལྗོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཤུགས་ཆེན་བསྟར་ནས་ཉེ་འགྲམ་གྱི་བྱ་བ་དང་ཉེ་འགྲམ་གྱི་མིའི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་དངོས་ལ་བརྟེན་ནས་མི་རིགས་ཁག་གི་མི་དམངས་ལ་ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པའི་ངོས་འཛིན་གཏིང་ཟབ་བྱེད་དགོས་པའི་སློབ་གསོ་གཏོང་གི་ཡོད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོར་སྐུལ་འདེད་གཏོང་བ་དང་སློབ་གསོ་སྒྱུར་བཅོས་དང་འཛུགས་སྐྲུན་གྱི་གྲུབ་འབྲས་མུ་མཐུད་ནས་སྲ་བརྟན་དང་ཆེ་རུ་བཏང་ཡོད། ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་འདུ་འགོད་ལག་ལེན་བསྟར་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་ཀློག་དེབ་དང་བསླབ་གཞི་ཁག་གཅིག་རྩོམ་སྒྲིག་བྱས་ནས། སྐྱིད་གྲོང་གི་ཆེན་པོ་ཐང་གི་ཕོ་ཉ་རྒྱ་གར་དུ་མངགས་པའི་བརྐོས་ཡིག་དང་རྫ་ཡུལ་གྱི་དཔའ་བོའི་རི་ལྡེབས་སོགས་ལོ་རྒྱུས་བཤམས་སྟོན་ཁང་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་བསྐྲུན་ཏེ། ཀྲུང་ཧྭའི་རིག་གནས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་འབྲེལ་ཐག་དང་སེམས་ཀྱི་རྟེན་སར་འགྱུར་བར་བྱས་ཡོད།

ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་རྣམ་པ་གསར་པ་བཏོད་པ།

ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས“ཚང་དགོས་པ་བཞི་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་འཁྱོངས་བྱས་ཏེ་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ཆེ་རུ་བཏང་ནས་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བ་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ཏན་ཏིག་བཏང་ནས་མི་རིགས་ཁག་གི་མང་ཚོགས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་ཐུབ་པའི་འགན་ལེན་བྱས་ཡོད།

ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ། མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་དམངས་འཚོའི་གནད་དོན་ལ་དེ་བས་དམིགས་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད། བདེ་འཇགས་ཚོར་སྣང་སྔར་བས་འགན་ལེན་བཅས་ཡོང་བར་བྱས་ཡོད། ལྷག་པར་དུ་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དངོས་འབྲེལ་ཚོར་ཏེ་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཅས་ལ་བཅངས་པའི་མོས་སེམས་སྔར་བས་བརྟན་དུ་ཕྱིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།