བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མིས“ཨུ་ལྷན་གཉིས”ཀྱི་སྙན་སྒྲོན་ལ་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་28ཉིན། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ནང་ཞུགས་མཁན་འཐུས་མིས“ཨུ་ལྷན་གཉིས”ཀྱི་སྙན་སྒྲོན་ལ་དམིཌ་ནས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་གནང་བ་རེད། འཐུས་མི་ཚོས་ཡིད་ཆེས་བརྟན་པོ་དང་། སེམས་ཐག་གཙང་བཅད། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་བློ་གྲོས་དང་སྟོབས་ཤུཌ་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཐོག་གཅིག་སྡུད་བྱེད་པ་དང་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོཌ་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་དོན་དངོས་ཀྱི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་གི་བཀའ་དྲིན་གསོལ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།

ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། ཀྲོང་ཡན། ཁྲེན་ཡུང་ཆི། བསྟན་ཁོ། ཅང་ཅེ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ་བཅས་ཚོགས་འདུར་ཞུགས་པ་རེད།

ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ལ་ཞུགས་པའི་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ། མངའ་རིས། ལྗོངས་ཐད་གཏོགས། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་གི་འཐུས་མི་ཚོགས་པའི་འཐུས་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་གནང་བ་རེད།

ཟུར་ཞུགས་འཐུས་མི་དང་དམིགས་བསལ་གདན་ཞུས་འཐུས་མི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ལ་ཞུགས་པ་རེད།

འཐུས་མི་ཚོས་བློ་མཐུན་ཝང་ཅུན་ཀྲེང་གིས་ཚོགས་ཆེན་ཐོག་གནང་བའི་སྙན་སྒྲོན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་འཆང་བ་དང་། དུས་རབས་ཀྱི་འབོད་སྒྲར་ལན་སློག་པ། མང་ཚོགས་ཀྱི་རེ་སྒུག་སྐོང་བ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།

འཐུས་མི་ཚོས《སྙན་སྒྲོན》ལ་རྦད་དེ་མོས་མཐུན་དང་མཐའ་གཅིག་ཏུ་བརྩི་བཀུར་ཞུས་ནས། ངེས་པར་དུ་གོ་བ་གཏིང་ཟབ་ལེན་པ་དང་། ཕྱོགས་ཡོངས་ནས་གོ་བ་ལེན་པ། ཁོང་དུ་ཡང་དག་ཆུད་པ་བཅས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཚོགས་འདུ་གྲོལ་རྗེས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་འཕྲལ་མར་བརྒྱུད་བསྒྲགས་སློབ་སྦྱོང་དང་། འཕྲལ་མར་བཀོད་སྒྲིག འཕྲལ་མར་ལག་བསྟར་དོན་འཁྱོལ་བཅས་བྱེད་ཀྱི་ཡིན། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་བྱས་ནས། རྒྱུན་ཆད་མེད་པར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སྐྱོད་ཐུབ་པ་བཞི”དམ་འཛིན་བྱ་གཞི་དང་གཞི་རྟེན་དུ་བྱེད་པ། “དོན་ཆེན་བཞི”ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ་དང“འགན་ལེན་བཞི”མངོན་འགྱུར་བྱེད་པ། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེགས་སུ་ཧུར་ཐག་གཏོང་བ། ལོ་རྒྱུས་ཀྱི་ཉམས་མྱོང་དར་སྤེལ་བཏང་སྟེ་སྒྱུར་བཅོས་གསར་གཏོད་ཀྱི་བསམ་བློར་བརྟེན་ནས་གནད་དོན་ཐག་གཅོད་དང་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལས་དོན་ཧུར་ཐག་བསྒྲུབས་པའི་ཕན་འབྲས་དངོས་ལ་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་གི་བཀའ་དྲིན་གསོལ་བ་དང་། ལྗོངས་ཏང་ཨུད་ཀྱི་ཐུགས་རེ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་ལ་དྲིན་ལན་འཇལ་གྱི་ཡིན་ཞེས་བཤད་པ་རེད།

འཐུས་མི་ཚོས་རང་སྐྱོང་ལྗོངས་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་དུ། དངོས་ཐོག་བདེན་འཚོལ་གྱིས་འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་གྱི་ཕན་འབྲས་དང་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ལ་ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་པ། སླད་ཕྱིན་ལོ་ལྔའི་རིང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་གྲོས་འགོ་ཚན་རིག་དང་མཐུན་པའི་སྒོ་ནས་བཏོན་ཡོད་པས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ནས། ཏང་གིས་བོད་དུ་སྲིད་སྐྱོང་བའི་ཆབ་སྲིད་ཀྱི་རྨང་གཞི་དང་། བསམ་བློའི་རྨང་གཞི། མང་ཚོགས་ཀྱི་རྨང་གཞི་བཅས་ཟམ་མི་ཆད་པར་བརྟན་དུ་གཏོང་ཐུབ་ངེས་རེད་ཅེས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།