ལྷོ་ཁ་གྲོང་ཁྱེར་གྱིས་ཏང་སྲོལ་སྲིད་གཙང་གི་ཉེན་བརྡའི་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། ལྷོ་ཁ་གྲོང་ཨུད་ཀྱིས་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ། སློབ་སྦྱོང་ཚོགས་འདུ་འཚོགས་པ་དང་འབྲེལ་སྲིད་གཙང་སློབ་གསོ་དང་ཉེན་བརྡའི་གློག་བརྙན་གཅིག་སྡུད་ཐོག་བལྟས་ནས་ཏང་སྲོལ་སྲིད་གཙང་གི་སློབ་གསོར་ཤུགས་སྣོན་བརྒྱབ་པ་དང་ཏང་ཡོན་ལས་བྱེད་པའི་བསམ་པའི་འགོག་རགས་སྔར་བས་བརྟན་དུ་བཏང་བ་རེད།

ཚོགས་འདུའི་ཐོག རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་དང་པོར་བརྩིས་ནས་ཟབ་སྦྱོང་མཐིལ་རྟོགས་དང་ཤེས་སྤྱོད་ཟུང་འབྲེལ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་།《“འགོ་གཙོ་དང་པོ”དང་འགོ་ཁྲིད་ཚན་ཁག་གི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》སློབ་སྦྱོང་ནན་ཏན་བྱེད་པ། 《ཏང་ཨུད(ཏང་ཙུའུ)ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པའི་གཏན་འབེབས》ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ད་ལྟ་སྤེལ་བཞིན་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱེད་པ། དཔེ་བསྡུར་ཞིབ་བཤེར་ནན་ཏན་བཅས་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱོད་གཙང་གི་མཐའ་ཚད་བརྟན་སྲུང་བྱས་ཏེ་རང་ངོས་གཅུན་འདོམས་དང་། རང་སྐྱོན་རང་བཤེར། རང་གཅུན་བློ་སྦྱོང་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཡིན་མིན་དབྱེ་འབྱེད་ཀྱི་ནུས་པ་དང་། བསླུ་ཁྲིད་མདུན་གྱི་སྟངས་འཛིན་ནུས་པ། ཉེན་བརྡའི་མདུན་གྱི་གོ་རྟོགས་སད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་གཏིང་ཟབ་ཏུ་གཏོང་བ། སྐོར་ཞིབ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་བཅས་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་དོན་འཁྱོལ་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་། “ཐབས་རྣམ་བཞི”གནད་འཁེལ་ངང་སྤྱོད་པ། མཚམས་དང་ཚོད་མེད་པ་དང་མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་ལ་ཆད་པ་གཅོད་པ་བཅས་བྱས་ནས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།