སླད་ཕྱིན་ལོ5ཡི་ནང་བོད་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་བཞི་བསྒྲུབ་ཐུབ་པར་འབད་བརྩོན་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས27ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་གཟབ་རྒྱས་ངང་འཚོག་མགོ་བརྩམས། ཝང་ཅུན་ཀྲིན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་དགུ་བའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་སྟེང《ཞི་ཅིན་ཞིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ནས།  དུས་རབས་གསར་བའི་ཏང་གི་བོད་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས》ཞེས་པའི་སྙན་ཞུ་ཕུལ།

སྙན་ཞུའི་བརྗོད་བྱ་ཁ་གསལ་ཞིང་ནང་དོན་ཕུན་སུམ་ཚོགས་པ་དང་། བཀྲག་མདངས་འཚེར་ས་མང་ལ། སེམས་འགུལ་ཐེབས་པ་བཅས་ཀྱི་ཁྱད་ཆོས་ལྡན། དེའི་ནང་དུ། སླད་ཕྱིན་ལོ་ལྔའི་རིང་གི་བྱ་བའི་མཛུབ་སྟོན་བསམ་བློ་དང་འབད་འཐབ་དམིགས་འབེན་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། ངེས་པར་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་དེ་རྩ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། ལོ་རྒྱུས་ཀྱི་གོ་སྐབས་དམ་པོར་འཛིན་པ་དང“དོན་ཆེན་བཞི”ཐག་གཅོད་བྱེད་པ་དང་། “གསར་གཏོད་བཞིར”སྐུལ་འདེད་ཆེན་པོ་བཏང་སྟེ། “མདུན་གྲལ་དུ་བསྐྱོད”ཐུབ་པ་བཅས་བྱས་ནས་བོད་ལྗོངས་ཀྱི་ཞབས་ཞུ་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་མཉམ་འདྲེས་བྱེད་པའི་ལེགས་ཆ་སྔར་ལས་འདོན་སྤེལ་དང་། རྒྱལ་ཁབ་ཀྱི་འགན་འཁྲི་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་པའི་ཁྲོད་ཀྱི་འགན་འཁྲི་འཁུར་སེམས་སྔར་ལས་མངོན་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་གནས་བབ་སྔར་ལས་མཐོར་འདེགས་སུ་གཏོང་དགོས་ཞེས་བཏོན་ཡོད་པ་རེད།  །

1638150605974423.jpg

1638150612361341.jpg

1638150619307483.jpg

1638150626704980.jpg

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།