བོད་ལྗོངས་ཀྱིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

༡.png

པར་འདི་ནི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས27ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བ་བོད་ལྗོངས་མི་དམངས་ཚོགས་ཁང་དུ་འཚོགས་པ་རེད། ཚོགས་ཆེན་སྙན་ཞུར་བརྗོད་གཞི་མངོན་གསལ་ཡིན་པ་དང་། ནང་དོན་ཕུན་སུམ་ཚོགས་པ། མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ཀྱི་ཁྱད་ཆོས་ལྡན་ལ། དེའི་ནང་མ་འོངས་པའི་ལོ་ལྔའི་རིང་གི་བོད་ལྗོངས་ཀྱི་འབད་འཐབ་དམིགས་ཚད་གཙོ་བོ་དོན་འཁྱོལ་བྱེད་པའི་ཁྲོད། མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གླེང་སྐབས། མ་འོངས་པའི་ལོ་ལྔའི་རིང་བོད་ལྗོངས་ཀྱིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ཡིན་ཞེས་བཤད།

༢.png

པར་འདི་ནི་ནག་ཆུ་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་རེད།

རྨང་གཞིའི་སྒྲིག་ཆས་ནི་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་དོན་དངོས་དང་མཐུན་པའི་ཁེ་ཕན་གྱི་གནད་དོན་ཞིག་རེད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མཉམ་འདྲེས་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་རེད། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་དཔལ་འབྱོར་གྱི་རྩིས་ཐོ་ཁོ་ན་རྒྱག་མི་རུང་ལ་དམངས་འཚོའི་རྩིས་ཐོ་དང་དམངས་སེམས་ཀྱི་རྩིས་ཐོ་སྔར་བས་རྒྱག་དགོས། ལྕགས་ལམ་དང་། མཐོ་རིམ་གཞུང་ལམ། དམངས་སྤྱོད་མཁའ་འགྲུལ་གནམ་གྲུ་ཐང་བཅས་གཙོ་རྐང་དུ་བཟུང་ནས། རྒྱལ་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དཀྱུས་མ་གཙོར་བྱས་པའི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དང་། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཡུན་བོད་ལྕགས་ལམ་དང་། ཀྲུང་ནེའི་ལྕགས་ལམ། ཞིན་བོད་ལྕགས་ལམ་བཅས་ཀྱི་དུས་མགོའི་ལས་དོན་ཧུར་ཐག་ངང་ལེགས་པོར་སྒྲུབ་སྟེ། མཚོ་བོད་ལྕགས་ལམ་གྱི་ན་གོར་མོ་ནས་ལྷ་སའི་བར་གྱི་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ་གློག་ཤུགས་ཅན་དུ་སྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་བ། “གཞུང་བཞི་འཕྲེད་གསུམ་བགྲོད་ལམ་བརྒྱད”ཀྱི་གཞུང་ལམ་དྲ་རྒྱ་བསྐྲུན་རྒྱུར་དམིགས་ཏེ། རྒྱལ་ལམ318བོད་ལྗོངས་མཚམས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་བསྒྱུར་བཀོད་གཙོ་གནད་དུ་བཟུང་ནས། རྒྱལ་ལམ219ནང་ཁུལ་དུ་སྣུམ་ནག་ཅན་དུ་འགྱུར་བར་བྱ་རྒྱུ། ལྷ་ས་ནས་གཞིས་ཀ་རྩེའི་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་རྒྱུ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོ་དང་“ཞིང་སྡེའི་གཞུང་ལམ་ལེགས་གྲས་བཞི”འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། ཤང་དང་གྲོང་རྡལ100%དང་སྒྲིག་གཞི་ཚང་བའི་གྲོང་ཚོ90%ཡན་ལ་ཨར་འདམ་ལམ་འདིང་རྒྱུ་རེད། །

1638153440532546.png

པར་འདི་ནི་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་ཀོ་ལྕག་གྲོང་གསར་གྱི་ཟུར་ཞིག་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།