ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་རྒྱུ་དེ་ཉམས་མྱོང་ཕྱོགས་སྡོམ་དང་། དོན་དངོས་ལ་ལྟ་ཞིབ། ལས་དོན་ལ་སྐུལ་འདེད་བཅས་དང་ཟུང་འབྲེལ་བྱས་ནས་ཁེ་ལས་དང་མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས་གཏིང་ཟབ་དང་། མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཐག་གཅོད་བྱས་ཏེ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་རྒྱུར་སྐུལ་འདེད་བཏང་བ་རེད།

ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནི་ལྗོངས་ཡོངས་དང་གྲོང་ཁྱེར་ཡོངས་ཀྱི་དངོས་ཚན་ཁེ་ལས་གཅིག་འདུས་ཆེ་ཤོས་ཀྱི་བྱེད་ནུས་ཁུལ་ཞིག་ཡིན་པས། སྤུས་ལེགས་ཀྱི་ཚོང་གཉེར་ཁོར་ཡུག་ནི་དཔལ་འབྱོར་ཁུལ་གྱི་ལྟེ་བའི་འགྲན་རྩོད་ནུས་པ་རེད། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཡུག་ཁུལ་བཅོས་སྐྱོང་བྱེད་ཐབས་ལ་བརྟེན་ནས“འགན་འཁྲི་ཡུག་དབྱེའི་འགན་གཙང”ལེན་ཐབས་ཁྱབ་གདལ་གཏོང་བ་དང་། ཁེ་ལས་དང་སྡེ་ཁུལ་གཞི་རྩའི་ཚན་པར་བརྩི་བ། ལས་དོན་ཚོགས་ཆུང་7ལ་དབྱེ་བ། སྡེ་ཁུལ་2དང་དངོས་ཚན་ཁེ་ལས་379དང་ཆ་སྒྲིག་འབྲེལ་གཏུག་བྱེད་པ། རིམ་རྩིས་ལྟར་ན་བརྟག་ཞིབ་མཛུབ་ཁྲིད་ཐེངས་60ལྷག་ཙམ་བྱེད་པ། ཁེ་ལས་དང་སྡེ་ཁུལ་དུ་བསྐྱོད་ནས་བརྟག་ཞིབ་བཅར་འདྲི་གཏིང་ཟབ་བྱེད་པ་བཅས་བརྒྱུད། ཁེ་ལས་དང་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་པ་རེད། ཁེ་ལས་རྒྱ་སྟོབས་ཆེ་རུ་འགྲོ་བར་རྒྱབ་སྐྱོར་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། 《ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་མཛུབ་ཁྲིད་དཀར་ཆག》དང་། 《ཐོན་ལས་འདེགས་སྐྱོར་གྱི་ཆེད་དངུལ་དོ་དམ་གཏན་འབེབས》 《ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཆེད་དངུལ་ལག་བསྟར་ཞིབ་སྲོལ》སོགས་ཁེ་ལས་ལ་ཕན་པའི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་རབ་དང་རིམ་པ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས། “1+n”གྱི་ཕྱོགས་ཡོངས་དང་ཟུར་ཚད་མང་བའི་སྲིད་ཇུས་ཀྱི་འདེགས་སྐྱོར་མ་ལག་ཆགས་པ་བྱས་ཡོད། སྲིད་གཞུང་གིས་ཡིད་རྟོན་ལ་སྣང་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། “བཤད་མ་ཐག་སྒྲུབ་པ་དང་། ལམ་སེང་སྒྲུབ་པ། བསྒྲུབས་ན་ཡག་པོ་སྒྲུབ་པ”བཅས་བྱས་ནས་དངོས་ཚན་ཁེ་ལས་379གཞིས་ཆགས་རྒྱུར་འདེགས་སྐྱོར་བྱས་པ་དང་སྦྲགས། འདེགས་སྐྱོར་ཆེད་དངུལ་སྒོར་དུང་ཕྱུར་14.66སྤྲད་པ་རེད། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་བྱེད་ཟབ་ཏུ་ཤུགས་ཆེན་བཏང་ནས་ཁེ་ལས་འཛུགས་གཉེར་གྱི་ལས་ཀའི་ཉིན་མོའི་ཉིན་10བར་ཐུང་དུ་བཏང་བ་དང་ཁྲལ་དང་འབྲེལ་བ་ཡོད་པའི་དོན་གནད་ཁག་307དྲ་ཐོག་ཏུ་སྒྲུབ་གཉེར་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།