ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུར་བོད་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11ཚེས23ཉིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་པ་རེད། སྙན་ཞུའི་ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་ལྷ་སར་ཚོགས་ར་གཙོ་བོ་བཙུགས་པ་དང་། ས་ཁུལ་དང་གྲོང་ཁྱེར་དང་། རྫོང་དང་ཆུས། ཤང་དང་གྲོང་རྡལ་བཅས་ཁག་དང་། དོན་གཅོད་ཁང་དང་འབྲེལ་ཡོད་མཐོ་སློབ་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

ཚོགས་ཞུགས་བློ་མཐུན་ཚོས་སྙན་ཞུ་ནན་ཏན་ཉན་པ་བརྒྱུད་བློ་སྒོ་ཟབ་མོ་འབྱེད་པ་དང་སྐུལ་ལྕག་ཆེན་པོ་ཐེབས་ཡོད། ཚང་མས་ད་རེས་ཀྱི་སྙན་ཞུའི་ཚོགས་འདུར་ཞུགས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དོན་སྙིང་གལ་ཆེན་དང་། ཕུན་སུམ་ཚོགས་པའི་ནང་དོན། དགོངས་དོན་གྱི་སྙིང་པོ་བཅས་ལ་དེ་བས་ཕྱོགས་ཡོངས་ནས་ངོས་འཛིན་དང་དེ་བས་གཏིང་ཟབ་པའི་ངང་གོ་བ་ལེན་ཐུབ་བྱུང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང“གཏན་འཁེལ་གཉིས”ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་དང་ནམ་ཡང་ཏང་གི་རྗེས་སུ་འབྲངས་ནས་དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱས་ཏེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

“ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ཉན་པ་བརྒྱུད་བློ་སྒོ་ཟབ་མོ་ཕྱེ་སོང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ནི་ང་ཚོས་ལས་དོན་ཡག་པོ་སྒྲུབ་པའི‘ཤེས་བྱ་ཀུན་བཏུས་ཆེ་མོ’ཞིག་རེད”ཅེས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་སྨད་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་དང་པོ་པད་མ་ཚེ་རིང་གིས་བཤད། ཁོང་གིས་གོམ་སྟབས་རྗེས་མར། ང་ཚོས་མང་ཚོགས་ཉེ་འགྲམ་གྱི་འགྱུར་ལྡོག་དང་ཟུང་འབྲེལ་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་སྒྲོག་འགྲེལ་ཡག་པོ་བྱ་རྒྱུ་དང་། གཙོ་གནད་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཡང་དག་མཛུབ་ཁྲིད་ལ་བརྟེན་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་རྒྱུ་ཡིན། དེ་དང་ཆབས་ཅིག སེམས་ཤུགས་དང་། བརྩེ་སེམས། ནུས་ཤུགས་བཅས་ལ་བརྟེན་ནས་གྲོང་ཚོ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་གྱིས་ཁེ་སྨད་གྲོང་ཚོ་སྔར་ལས་ཡག་པ་ཞིག་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།

“ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ལས་རང་ཉིད་ལ་སྐུལ་ལྕག་ཧ་ཅང་ཆེན་པོ་ཐེབས་བྱུང”ཞེས་གཞིས་རྩེ་གྲོང་ཁྱེར་རྒྱ་མཚོ་གཞུང་ཤང་དགྲ་འདུལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་དོན་གྲུབ་ཀྱིས་གསར་འགོད་པར་བཤད། ཁོང་གིས“དགྲ་འདུལ་གྲོང་ཚོའི་ཏང་ཀྲི་པུས་ངེས་པར་དུ་རྒྱ་ཆེའི་མང་ཚོགས་ལ་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་ཉམས་མྱོང་ངོས་འཛིན་དང་ཁོང་དུ་གཏིང་ཟབ་ཆུད་རྒྱུར་སློབ་གསོ་ཁྲིད་སྟོན་གྱིས་བསམ་བློ་དང་བྱ་སྤྱོད་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས་ས་ཁམས་ཀྱི་ལེགས་ཆ་བེད་སྤྱོད་ཡག་པོ་དང་ཡུལ་སྐོར་སྣེ་ལེན་ལྟེ་གནས་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། རྩ་འཛུགས་ཅན་གྱི་ངལ་ནུས་ཕྱིར་གཏོང་བྱེད་པ། མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་ཡངས་སུ་གཏོང་བ་བཅས་བྱས་ཏེ་དེ་བས་སྙིང་སྟོབས་ཆེར་སྐྱེད་ཀྱི་ཉམས་འགྱུར་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འབུངས་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་བཞག་སྟེ་རྒྱལ་ཁ་གསར་པ་ལེན་རྒྱུ་ཡིན”ཞེས་བཤད་པ་རེད།

སྣང་རྫོང་ལ་ཐོག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧུའུ་ཀྲའོ་གཡོད་ཀྱིས་བརྙན་འཕྲིན་ཚོགས་འདུའི་རྣམ་པ་བརྒྱུད་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་ཉན་པ་རེད། ཁོང་གིས་གསར་འགོད་པར“སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུའི་ཐོག་ང་ཚོར་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་དང་གྲུབ་འབྲས་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པའི་བླང་བྱ་བཏོན་པ་དེ་གལ་འགངས་ཧ་ཅང་ཆེན་པོ་ཞིག་རེད་སྙམ་བྱུང་། ལས་དོན་ཁྲོད་ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། ཤང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་ཚང་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དང་། ཐོག་མའི་བསམ་འདུན་བླ་སྲོག་ཁྲོད་འདྲེས་པ་དང་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ཏྥ་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཐོག ཐུན་མོང་ཕྱུག་འགྱུར་གྱི་དམིགས་ཚད་རླབས་པོ་ཆེ་མངོན་འགྱུར་བྱས་ནས་ཏང་དང་མི་དམངས་ལ་ཕུལ་དུ་བྱུང་བའི་རྒྱུགས་ལན་ཞིག་འབུལ་རྒྱུ་ཡིན”ཞེས་བཤད་པ་རེད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བསྟན་རྒྱས་གླིང་སྡེ་ཁུལ་གྱི་ལས་དོན་པ་མིག་དམར་གྱིས“ཚང་འཛོམས་གྲོས་ཚོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་ནམ་ཡང་འཆང་བ་དང་ལམ་ཆས་བསྡོགས་ནས་བསྐྱར་དུ་ཐོན་པའི་སྐུལ་སློང་གི་དུང་བརྡ་གྲགས་ཡོད། གཞི་རིམ་གྱི་ཏང་ཡོན་ཞིག་གི་ངོས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་རྒྱ་ཁྱབ་ངང་སྒྲོག་འགྲེལ་བྱས་ཏེ་འདེད་ཏན་ཏིག་བཏང་སྟེ་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་ནུས་ཤུགས་ཡོད་རྒུས་བསྒྲུབས་ནས་ཏང་དང་མང་ཚོགས་ལ་ཕུལ་དུ་བྱུང་བའི་རྒྱུགས་ལན་ཧུར་ཐག་འབུལ་རྒྱུ་ཡིན”ཞེས་བཤད་པ་རེད།

“སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ངས་ལས་དོན་ཁྲོད་རང་ངོས་ཀྱི་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་གཞིའི་ཤེས་བྱ་དང་ཟུང་འབྲེལ་བྱས་ནས་སློབ་མར་བརྒྱུད་སྤྲོད་དང་དོན་དངོས་ཀྱི་ལས་ཀའི་ཁྲོད‘སྒྲོག་འགྲེལ་པའི’ནུས་པ་འདོན་རྒྱུ་ཡིན། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱས་ནས། བོད་ཀྱི་ལས་རིགས་སློབ་གསོའི་གསར་གཏོད་འཕེལ་རྒྱས་ཀྱི་མཐོ་ས་མགྱོགས་མྱུར་གཏོད་པ་དང་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤེས་ལྡན་པ་དང་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་ཡིན”ཞེས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་འཕྲུལ་གློག་ལས་གྲྭའི་ལག་རྩལ་སློབ་གླིང་གི་ཡོན་ཀྲང་ཧོ་ཅན་ཧྥུང་གིས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།