བོད་ལྗོངས་ཀྱིས་ཞིང་ལས་དེང་རབས་ཅན་འཕེལ་རྒྱས་སུ་བཏང་ནས་ཞིང་པའི་འབབ་འཕར་ལ་སྐུལ་འདེད་བཏང་།

fbee9898-6b06-4237-9a5a-c447b5400c32.jpg

པར་འདི་ནི་མང་ཚོགས་ཀྱིས་ཐོན་ལས་གླིང་དུ་སུར་པན་འཐོག་བཞིན་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྗང་མདོག་འཕེལ་རྒྱས་ནི་ཞིང་ལས་དེང་རབས་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་དང་ཐབས་ལམ་གལ་ཆེན་ཞིག་རེད། བོད་ལྗོངས་མཁའ་འགྲུལ་ལྟེ་གནས་གསར་སྤེལ་ཁུལ་གྱིས་དེང་རབས་འཁོར་རྒྱུག་ཞིང་ལས་ཐོན་ལས་གླིང་བསྐྲུན་བཞིན་ཡོད་ཅིང་། དེ་ནི་ལྗོངས་ཡོངས་སུ་འདེབས་འཛུགས་དང་གསོ་སྤེལ་ཟུང་འབྲེལ་བྱེད་པའི་སྐྱེ་ཁམས་ཞིང་ལས་འཁོར་རྒྱུག་རྣམ་པ་ཐོག་མར་སྤྱད་པ་ཡིན། དེའི་ལྷ་ས་གྲོང་ཁྱེར་གྱི་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་དང་། ཞིང་དུད་ལ་འབབ་འཕར་ནུས་ལྡན་ཡོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། རྣམ་གྲངས་དེས་ཀུང་སི་དང་རྟེན་གཞི། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་འབྲེལ་གྱི་མཉམ་ལས་རྣམ་པར་བརྟེན་ནས། ཉེ་འཁོར་ཞིང་དུད་ཀྱི་ཐོན་ལས་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱ་རྒྱུ་རེད།

575c6ff2-c248-47f0-8d79-6cac0bdb036e.jpg

པར་འདི་ནི་ཐོན་ལས་གླིང་གིས་རིག་ནུས་ཅན་གྱི་མ་ལག་སྤྱད་དེ་སྔོ་ཚལ་ལ་ཆུ་གཏོང་བཞིན་པའི་ཚུལ་རེད།

མིག་སྔར། དུས་རིམ་དང་པོའི་རྣམ་གྲངས་ཀྱིས་ཉི་འོད་དྲོད་ཁང་ཆེན་མོ63དང་། ས་ཁྱོན་མུའུ35ཡོད་པའི་གསོ་སྤེལ་ཁུལ་བསྐྲུན་ཡོད་པ་དང་། དུས་རིམ་གཉིས་པའི་རྣམ་གྲངས་འཛུགས་སྐྲུན་བྱེད་བཞིན་ཡོད་ཅིང་། དེ་གར་ཉི་འོད་དྲོད་ཁང་ཆེན་མོ50དང་། ཚད་ལྡན་ཅན་གྱི་དཔེ་སྟོན་དྲོད་ཁང2། ཁག་དབྱེ་ལྟེ་གནས། ཟས་རིགས་ལས་སྣོན་བཟོ་གྲྭ ཟོག་འདྲེན་བཀར་འཇུག་སོགས་གསར་སྐྲུན་བྱ་རྒྱུ་ཡིན་ལ། ཚང་མར་རིག་ནུས་ཅན་གྱི་སྒྲིག་ཆས་སྤྱོད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།