གངས་ལྗོངས་ས་མཐོའི་སྙན་འཇེབས་ལྡན་པའི་བསྟོད་གླུ།

—— “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”སྐོར་གྱི་དཔྱད་གླེང་།

དུས་ཚོད་ནི་ཆུ་མོའི་རྒྱུན་བཞིན་འདས་ཟིན་ཡང་བོད་དུ་དཔུང་སྐྱོད་དང་བོད་འཛུགས་སྐྲུན་ཆེད་ཚེ་སྲོག་ཤོར་བའི་དཔའ་བོའི་བུ་ཕྲུག་དང་མི་རབས་རྗེས་མ་ཚོས་ཐུན་མོང་ཐོག་གོང་བུ་གཅིག་ཏུ་བསྒྲིལ་བའི“སྡུག་བསྲན་ཁྱད་པར་ཐེག་པ་དང་། བཟོད་བསྲན་ཁྱད་པར་ཐུབ་པ། དམག་འཐབ་ཁྱད་པར་འཇོན་པ། ལེགས་སྐྱེས་ཁྱད་པར་འབུལ་བ”བཅས་ཀྱི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར“དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི”མི་ཡུལ་གྱི་ངོ་མཚར་བཏོད་པ་དང་། དུས་རབས་གསར་པའི་གངས་ལྗོངས་ས་མཐོའི་ལེའུ་གསར་པ་བརྩམས་ཡོད།

ས་མཐོ་ནས་སྙིང་སྟོབས་ལ་ཞུན་བརྡར་བྱས།

བོད་དུ་དཔུང་སྐྱོད་ཀྱི་ལམ་བུ་ནི་དཀའ་ཚེགས་ཤིན་ཏུ་ཆེ། སྐབས་དེ་དུས་བོད་སྐྱོད་བུད་མེད་དམག་མི་ལི་ཅུན་ཁྲེན་གྱིས“མི་ཚང་མས་ལྗིད་ཚད་རྒྱ་མ་50ལྷག་ཙམ་ཟིན་པའི་ཅ་དངོས་འཁུར་ནས་གངས་རི་བརྒལ་སྐབས། ཚང་མའི་མཆུ་ཏོ་སྨུག་པོ་དང་ངོ་གདོང་སྐྱ་བོར་གྱུར་ནས་མི་མང་པོ་ཞིག་གི་ཁ་ལུད་ཀྱང་ཁྲག་མདོག་ཏུ་གྱུར་ཡོད”ཅེས་དྲན་གསོ་བྱེད་བཞིན་བཤད།

བོད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་ཟིན་པ་དང་གསོ་རླུང་འདུས་ཚད་ཐང་གཤོངས་ཁུལ་གྱི་60%ཙམ་ལས་ཟིན་གྱི་མེད། ལ་དུག་ཚབས་ཆེན་ཕོག་ནས་འཐབ་འཛིང་པ་ཚོའི་ངོ་གདོང་སྐྲངས་པ་དང་། སྣ་ཁྲག་དོན་པ། མགོ་ཡུ་འཁོར་བ་སོགས་ཀྱི་ནད་རྟགས་ཐོན་པ་དང་འཐབ་འཛིང་པ་མི་ཉུང་བ་ཞིག་བོད་དུ་སྐྱོད་པའི་ལམ་བར་དུ་ཚེ་ལས་འདས།

ས་མཐོར་ལས་ཀ་བྱེད་པར་དཀོན་ཤོས་ནི་གསོ་རླུང་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་རེད། དུས་ཡུན་རིང་པོའི་ནང་གུང་ཁྲན་ཏང་ཡོན་ཁག་དང་ཁག་བྱས་པས་སྔོན་འགྱེལ་རྗེས་མཐུད་ཀྱིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་བཏང་ནས་དཀའ་སྤྱད་འབད་འཐབ་བྱེད་བཞིན་ཡོད།

2021ལོའི་ཟླ་6ཚེས་25ཉིན་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ཅིང་། ལོ་6ལྷག་ཙམ་འཛུགས་སྐྲུན་བྱས་པ་བརྒྱུད། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་འཛུགས་སྐྲུན་པས་དཀའ་ངལ་ལ་མི་སྐྲག་པ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ། ས་མཐོར་ལྕགས་ལམ་སྐྲུན་པའི་དཀའ་གནད་མང་པོ་ཁྱད་བསད་བྱས་མཐར་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་དེ་བསྐྲུན་ནས“འཛམ་གླིང་ཡང་རྩེ”དེ“བསྐྱར་དར་རྟགས་ཅན”གྱི་དུས་རབས་སུ་སླེབས་ཡོད།

བརྙན་འཕྲིན་ནས་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མཐོང་སྐབས། སྐབས་དེ་དུས་བོད་ལ་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་བྱེད་བཞིན་སི་ཁྲོན་ཁྲེང་ཏུར་འཚོ་བ་སྐྱེལ་བཞིན་པའི་ལོ་88ལ་སླེབས་པའི་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་ཞུའེ་ཅིང་ཅེར་མྱོང་ཚོར་ཟབ་མོ་བྱུང་ཡོད།

ས་མཐོར་སྙིང་སྟོབས་དར་སྤེལ་བཏང་།

བོད་ལྗོངས་མངའ་རིས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་པས“འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་བརྗོད་ཀྱི་ཡོད། ལོ་20ལྷག་ཙམ་གོང་། ལོ་50ལ་སླེབས་པའི་ཁུང་ཧྥན་སེན་གཞུང་དོན་དུ་སྐུ་གཤེཌ། སྐུ་འཚོ་བཞུཌ་སྐབས་ཁུང་ཧྥན་སེན་གྱིས་བོད་སྐྱོར་ལ་ཐེངས་གཉིས་ཕེབས་རྗེས་སླར་ཡང་མུ་མཐུད་བོད་དུ་ཕྱག་ལས་གནང་།

“སྐབས་དེ་དུས་ཁོང་གི་ཨ་མ་ལོ་ན་མཐོ་བ་དང་བཟའ་ཟླའི་གཟུགས་པོ་ཐང་པོ་མེད་པ་མ་ཟད། ཕྲུ་གུ་གསུམ་ཡང་ཆུང་ཆུང་ཡིན་པས་དངོས་འབྲེལ་སྐུ་ལས་ཁག་པོ་རེད། ཁུང་ཧྥན་སེན་སོགས་ཀྱི་ལས་བྱེད་པའི་ལུས་ཐོག་ནས་མངོན་པ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དེ་རེད”ཅེས་བློ་མཐུན་ཁུང་ཧྥན་སེན་གྱི་དྲན་གསོ་ཁང་གི་ཀོན་ཀྲང་ཀའོ་ཧྲན་གྱིས་བཤད།

བོད་ཞི་བས་བཅིངས་འགྲོལ་བཏང་ཚུན། བོད་སྐྱོར་ལས་བྱེད་པ་ཁག་དང་ཁག་བྱས་པས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་བཏང་ནས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་ཏེ། བསམ་ཡུལ་ལས་འདས་པའི་དཀའ་ངལ་མང་པོ་ཁྱད་བསད་བྱས་པ་དང་སྤྱིར་བཏང་གི་མིས་བཟོད་པར་དཀའ་བའི་དཀའ་ངལ་ཁྱད་བསད་བྱས་ནས་བོད་ལྗོངས་འཛུགས་སྐྲུན་དང་མཐའ་མཚམས་སྲ་བརྟན་གཏོང་བའི་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་ཡོད།

1951ལོ་ནས་1978ལོའི་བར། ཀྲུང་དབྱང་གིས་རྒྱལ་ཡོངས་ནས་ལས་བྱེད་པ་ཁྲི་གསུམ་ལྷག་ཙམ་བོད་དུ་ལས་ཀ་བྱེད་པར་མངཌ། 1994ལོ་ནས་2020ལོའི་བར་ཕུལ་བྱུང་ལས་བྱེད་པ་དགུ་སྟོང་ལྷག་ཙམ་གྱིས་བོད་སྐྱོར་བྱས་ཡོད།

ས་མཐོར་སྙིང་སྟོབས་རྒྱུན་འཛིན་བྱས།

གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་པོ་ཡོད་ཅིང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”གཏོད་མཁན་ནས་མི་རབས་ནས་མི་རབས་བར་གྱི་ལག་ལེན་པ་དང་རྒྱུན་འཛིན་པའི་བར“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུན་འཛིན་བྱེད་པའི་ཁྲོད་ཡུལ་དུས་བརྒལ་བའི་སྟོབས་ཤུགས་མངོན་ཡོད།

“དེ་གའི་གསོ་རླུང་འདུས་ཚད་དམའ་བ་དང་ཐོག་མར་དེར་སླེབས་སྐབས་མགོ་བོ་ན་ནས་གཟུགས་པོ་མི་བདེ་བར་གྱུར་གྱི་འདུག་པས། དེ་གར་ལས་ཀ་བྱེད་པའམ་ཡང་ན་འཚོ་བ་སྐྱེལ་བ་ནི་ཚོད་བགམ་ཞིག་རེད་འདུག”2019ལོའི་ཟླ་7པར། ཤིས་ཨན་ནས་མངའ་རིས་སུ་ལས་ཀ་བྱེད་པར་སླེབས་མ་ཐག་པའི་གནས་ཚུལ་རྣམས་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་མངའ་རིས་ཡན་ལག་ཁང་གི་ཅན་ཁྲ་ཀྲང་གཞོན་པ་ཧོ་ཅུན་གྱིས་གསལ་པོར་ངེས་ཀྱི་ཡོད་པ་རེད།

མངའ་རིས་ཀྱི་ས་རྒྱ་ཆེ་བས་རྫོང་དང་ཤང་དུ་བརྟག་ཞིབ་བྱེད་པར་བསྐྱོད་སྐབས་རླངས་འཁོར་བཏང་ནས་སྤྱི་ལེ་བརྒྱ་ལྷག་ཙམ་བསྐྱོད་དགོས་ཀྱི་ཡོད། བོད་དུ་ཡོང་ནས་ལོ་གཉིས་ལྷག་ཙམ་རིང་ཧོ་ཅུན་གྱི་མཆུ་ཏོ་སྨུག་པོར་གྱུར་བ་དང་། ངོ་གདོང་སྨུག་པོར་གྱུར་ཡོད། བོད་སྐྱོར་བྱེད་རིང་གི་ལས་ཀར་ཕྱིར་དྲན་བྱེད་སྐབས་ཁོང་གིས་བོད་སྐྱོར་ལས་དོན་དཀའ་ཚེགས་ཆེ་ཡང་གཟི་བརྗིད་ལྡན་པ་དང་གནོང་འགྱོད་མེད་པའི་གདམ་ག་ཞིག་རེད་ཅེས་བཤད།

སྒེར་སེམས་མེད་པའི་ལེགས་སྐྱེས་དང་རླབས་ཆེན་གྱི་བློས་གཏོང་བྱས་པས་དེང་གི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1951ལོའི་སྒོར་དུང་ཕྱུར་1.29ནས་2020ལོའི་སྒོར་དུང་ཕྱུར་1902.74བར་འཕར་ཡོད། 2020ལོར་གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་པ་དེ་ལོ་གོང་མ་ལས་12.7%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་41156ཟིན་པ་དེ་ལོ་གོང་མ་ལས་10%འཕར་ཡོད། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱི་འབོད་སྐུལ་དང་ལྕག་སྐུལ་འོག བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་ལས་སྒྲུབ་ལས་གཏོད་ཀྱི་རྫོགས་མཐའ་མེད་པའི་སྒུལ་ཤུགས་ཆེན་པོ་ཞིག་སྦྱིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།