སྟོད་ལུང་བདེ་ཆེན་ཆུས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་།

be986bee-d87e-4181-af52-fa0676df2be9.jpg

པར་འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཆུ་བེད་ཅུའུ་ཡི་ལས་བྱེད་ལས་བཟོ་བས་ད་ལོའི་སྡོང་འཛུགས་དུས་ཆེན་སྐབས་སྡོང་འཛུགས་ནགས་སྐྲུན་བྱ་འགུལ་སྤེལ་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་བྱས་ནས་རྒྱལ་ཁོངས་ལྗང་སྒྱུར་གྱི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་ཆེད། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་སྡོང་འཛུགས་ནགས་སྐྲུན་གྱི་ལས་དོན་ཤུགས་ཆེན་སྒོས་སྤེལ་ནས། ལྗང་སྒྱུར་ལས་འགན་ཞིབ་ཚགས་སྒོས་དོན་འཁྱོལ་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་བ་ཐོན་པར་སྐུལ་འདེད་ཤུགས་ཆེན་བཏང་བ་བཅས་བྱས་ཏེ། མངའ་ཁོངས་སུ་སྔོ་ལྗང་འདེབས་འཛུགས་དང་། སྔོ་ལྗང་སྲུང་སྐྱོབ། སྔོ་ལྗང་ལ་གཅེས་སྐྱོང་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།