​ཀོང་པོ་རྒྱ་མདའ་རྫོང་གིས་ཏང་གི་དགོངས་དོན་ཁྱིམ་ཚང་ཚང་མར་སྒྲོག་འགྲེལ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་བ་དང་སྒྲོག་འགྲེལ་གྱི་བྱེད་ཐབས་སྣ་མང་ཐོག་ནས་སློབ་སྦྱོང་གི་ཚ་རླབས་མུ་མཐུད་འཕྱུར་བ་བྱས་པ་རེད།

“སྐོར་སྐྱོད་རྣམ་པའི”ཐོག་ནས་སྒྲོག་འགྲེལ་བྱས་པ། ཀོང་པོ་རྒྱ་མདའ་རྫོང་ཨུད་ཀྱི་སྒྲོག་འགྲེལ་ཚོགས་པ་ཞིང་འབྲོག་ཁུལ་དུ་བསྐྱོད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྐོར་སྐྱོད་སྒྲོག་འགྲེལ་བྱས་པ་མ་ཟད། མང་ཚོགས་ཀྱི་ཉེ་འགྲམ་དུ་བྱུང་བའི་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ནས་PPTབཏོན་པ་དང་། གཏམ་རྒྱུད་མཉམ་སྤྱོད། ས་གནས་ས་ཐོག་ཏུ་མཉམ་འགུལ་སོགས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་བརྒྱུད། ཞིང་འབྲོག་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་དོན་སྙིང་གལ་ཆེན་སྒྲོག་འགྲེལ་བྱས་པར་བརྟེན། རྒྱ་ཆེའི་མང་ཚོགས་ཚོས་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སྔར་བས་ཤེས་རྟོགས་དང་ངོས་འཛིན་ཐུབ་ཡོད། དོན་དངོས་དང་མཐུན་པ་དང་གོ་བདེ་ཤེས་སླའི་སྒྲོག་འགྲེལ་བྱེད་ཐབས་བརྒྱུད་མང་ཚོགས་ཚོས་གོ་ཐུབ་པ་དང་། ངེས་ཐུབ་པ། སྤྱོད་ཐུབ་པ་བཅས་བྱས་ཡོད། མིག་སྔའི་བར། ཀོང་པོ་རྒྱ་དམའ་རྫོང་ཨུད་ཀྱི་སྒྲོག་འགྲེལ་ཚོགས་པས་སྐོར་སྐྱོད་སྒྲོག་འགྲེལ་ཐེངས་20ཙམ་བྱས་པ་རེད།

“པར་རིས+བརྙན་ལམ”གྱི་ཐོག་ནས་སྒྲོག་འགྲེལ་བྱས་པ། ཏང་གི་དགོངས་པ་བརྒྱུད་བསྒྲགས་བྱས་པ་དང་ཆབས་ཅིག ཀོང་པོ་རྒྱ་མདའ་རྫོང་གིས་ལས་དོན་སྒྲུབ་པའི་ཉམས་མྱོང་དང་བྱེད་ཐབས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ“དྲ་འཕྲིན་ཀོང་པོ་རྒྱ་མདའི”སྐད་འཕྲིན་སྤྱི་རྟགས་དང་། “iཀོང་པོ”APP “ཀོང་པོ་རྒྱ་མདའ་རྫོང་གི་སྨྱན་སྦྱོར་མཉམ་འདྲེས”ཁྱུག་དབྱིངས་སོགས་སྨྱན་སྦྱོར་ལས་སྟེགས་གསར་པའི་ཐོག རིམ་ཁག་ཏང་རྩ་འཛུགས་ཀྱིས་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གི་གནས་ཚུལ་བཀོད་དེ་གླེང་ཕྱོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།