ཡིད་འོང་ཡར་ཀླུང་རི་མོ་ཇི་བཞིན་མཛེས།

—— ད་ལོ་ཚུན་གྱི་ལྷོ་ཁ་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་སྐོར་གྱི་སྒྲིལ་གླེང་།

འདི་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་མཐའ་འཁྱོངས་ཀྱིས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འཐབ་ཇུས་རང་བཞིན་གྱི་ལས་འགན་ལ་བརྩིས་ནས་དམ་འཛིན་བྱས་པ་དང་། མཛེས་སྡུག་ལྡན་པའི་ལྷོ་ཁ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་བསྐངས་པ་རེད།

ཕྱོགས་ཡོངས་ནས་སྲུང་སྐྱོང་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་སྲུང་ཡོལ་བརྟན་དུ་བཏང་བ།

ཡུལ་ཕྱོགས་གཅིག་གི་དག་ཞིང་བསྲུངས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ། ལྷོ་ཁ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། འདི་ལོ་ནས་བཟུང་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་རི་ཆུ་ནགས་ཞིང་མཚོ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་འདུ་འགོད་ལག་ལེན་བསྟར་འགོ་བཙུགས་ཏེ། གྲི་གུ་མཚོ་རྒྱུག་ཁུལ་དང་ཡར་ཀླུང་གཙང་པོའི་བསམ་ཡས་དུམ་བུ་རྒྱུག་ཁུལ་གྱི་ཆུའི་སྦགས་བཙོག་ལ་ཆེད་དོན་བཅོས་སྒྲིག་བྱས་པ་དང་། སྣེ་གདོང་ཆུས་གྲི་ནང་གྲོང་ཚོའི་ཡར་ཀླུང་གཙང་པོའི་ཆུ་འགོའི་གྲི་ནང་ལུང་ཤུར་གྱི་ཆུ་སྤུས་ལ་བདེ་འཇགས་སྲུང་སྐྱོང་བྱས་པ་རེད།

དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱིས་གཙོ་གནད་གཙང་པོ་དང་མཚོའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་མུ་མཐུད་ཡག་པོ་བྱས་ནས་ཡར་འབྲོག་གཡུ་མཚོ་དང་། ཡར་ཀླུང་གཙང་པོ། གྲི་གུ་མཚོ། གཉལ་གཞུང་ཆུ་སོགས་གཙོ་གནད་གཙང་པོ་དང་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན་བརྒྱབ་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ཆུའི་སྦགས་བཙོག་འགོག་བཅོས་རྣམ་གྲངས་དང་གྲི་གུ་མཚོའི་རྣམ་གྲངས་རྫོང(ཆུས)ལ་ལག་བསྟར་བྱེད་པར་སྤྲད་ནས་སོ་སོར་ལས་གྲྭའི་བསྡོམས་འབོར་གྱི་60%དང་70%ལེགས་སྒྲུབ་བྱུང་ཡོད།

གཞན་ཡང་། ལྷོ་ཁ་གྲོང་ཁྱེར་གྱིས་རྫོང་ལྔའི་རྒྱལ་ཁབ་གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། ཆུའི་ཐོན་ཁུངས་ཀྱི་ཐེག་ནུས་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས། 2020ལོའི་ལོ་འཁོར་གྱི་ཆུའི་ཐོན་ཁུངས་ཐེག་ནུས་ཀྱི་གདེང་འཇོག་སྙན་སེང་བཟོས་ཟིན་པ་རེད།

ནུས་ཤུགས་ཡོད་རྒུས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་པ།

འདི་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ནས། རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ། སྐྱེལ་འདྲེན་རིགས་མིན་པའི་འཕྲུལ་ཆས་ལ་ཞིབ་བསྡུར་དང་ཐོ་འགོད་རྒྱུན་མཐུད་བྱས་ནས། སྒུལ་བདེའི་འཕྲུལ་ཆས་614ལ་ཞིབ་བསྡུར་དང་ཁོར་ཡུག་སྲུང་སྐྱོང་གི་ཐོ་འགོད་ཨང་གྲངས་217ཞིབ་དཔྱད་བྱས་ནས་སྤྲད་པ་རེད། ལྷོ་ཁ་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་མ་ལག་དང་གཙོ་གནད་སྦགས་བཙོག་འབྱུང་ཁུངས་ཀྱི་དྲ་ཐོག་ལྟ་སྐུལ་ཚོད་འཛིན་མ་ལག་བསྐྲུན་ནས། 《ལྷོ་ཁ་གྲོང་ཁྱེར་གྱི་ཐཱན་འབུད་ཚད་སྙོམས་སྦྱོར་གྱི་ཞིབ་འཇུག་སྙན་སེང》བཟོས་ཟིན་པ་རེད།

དེ་དང་ཆབས་ཅིག ཆུའི་སྦགས་བཙོག་འགོག་བཅོས་ལ་དམ་འཛིན་ཤུགས་ཆེན་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་བཙོག་ཆུ་གཙང་པོར་རྒྱུག་སར་གྲལ་བཤེར་དང་། ཁུངས་འདེད། ཡིག་ཚགས་བཟོ་བ་དང་ལྟ་ཞིབ་ཚད་ལེན་བཅས་བྱས་ནས། གྲོང་གསེབ་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུ་སྲུང་སྐྱོང་ཁུལ་གྱི་དབྱེ་མཚམས་མུ་མཐུད་ཕྱེ་བ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་བྱ་ཡུལ་མི་འབོར་1000ཡན་ཟིན་པའི་ཆུ་འགོ་ཁྱོན་བསྡོམས20ཡོད་པ་ཚང་མ་ཆུ་འགོ་སྲུང་སྐྱོང་ཁུལ་དུ་གཏན་འཁེལ་བྱས་པ་རེད།

——ས་རྒྱུའི་སྦགས་བཙོག་འགོག་བཅོས་ལ་དམ་འཛིན་ནན་པོ་བྱས་པ། མིག་སྔར་ལྷོ་ཁ་གྲོང་ཁྱེར་གྱིས་གཏན་འཁེལ་བྱས་པའི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ཞིང་སའི་སྦགས་བཙོག་གི་བརྟག་དཔྱད་རྣམ་གྲངས་དང་། སྣ་དཀར་རྩེ་རྫོང་གི་ཞིང་སའི་སྦགས་བཙོག་གི་བརྟག་དཔྱད་རྣམ་གྲངས་ཇུས་འགོད་དང་འོས་སྐུལ་འོས་དཔོད་ཀྱི་དུས་མཚམས་སུ་སླེབས་ཡོད།

——ཁོར་ཡུག་སྤུས་ཚད་ཀྱི་ལྟ་ཞིབ་ཚད་ལེན་ལ་དམ་འཛིན་ནན་པོ་བྱས་པ། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་དང་གཙོ་གནད་མིན་པའི་ཁེ་ལས་རིགས་དབྱེ་ནས་རྒྱལ་ཁབ་ཀྱིས་ཚོད་འཛིན་དང་རང་ལྗོངས་ཀྱིས་ཚོད་འཛིན་བྱེད་པའི་ཁོར་ཡུག་མཁའ་རླུང་སྤུས་ཚད་དང་རྒྱལ་ཁབ་ཀྱིས་ཚོད་འཛིན་དང་རང་ལྗོངས་ཀྱིས་ཚོད་འཛིན་བྱེད་པའི་རྫོང་ཁོངས་ཀྱི་ས་ངོས་ཆུ་དང་། ས་འོག་ཆུ། གཅིག་སྡུད་རྣམ་པའི་འཚོ་བའི་འཐུང་ཆུའི་ཆུ་འགོ་བཅས་གནས་སར་ཕྱོགས་ཡོངས་ནས་གྲལ་བཤེར་དང་ཞིབ་དཔྱད་བྱས་པ་རེད།

བྱ་ཐབས་སྤེལ་ཤུགས་ཆེ་རུ་བཏང་ནས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་ལྟ་འདོམས་ལ་དམ་འཛིན་ཡག་པོ་བྱས་པ།

ཕྱོགས་ཡོངས་ནས་ལྟ་འདོམས་ཁྲིམས་འཛིན་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་བ། འདི་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་ལྟ་འདོམས་ལ་དམ་འཛིན་ནན་པོ་བྱས་ཏེ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ཆོག་འཐུས་འགག་སྒོ་ནན་པོ་བསྲུངས་པ་དང་། ཁོར་ཡུག་གི་ཤུགས་རྐྱེན་གདེང་འཇོག་ལམ་ལུགས་དང“དུས་མཚུངས་གསུམ”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ། “མཐོ་གསུམ་དམའ་གཅིག”གི་ཁེ་ལས་ལྷོ་ཁར་གཞིས་ཆགས་རྒྱུར་གཏན་འགོག་བཅས་བྱས་ཏེ། འབྱུང་རྩ་ནས་ཁོར་ཡུག་སྦགས་བཙོག་དང་སྐྱེ་ཁམས་གཏོར་བཤིག་ལ་ཚོད་འཛིན་བྱས་ཡོད། ཁོར་ཡུག་དཔྱད་དཔོག་གི་ཞིབ་མཆན་འགོད་རྒྱུ“སྒོ་རྩར་ཞབས་འདེགས་ཞུ་བ”དང་ཚོང་འགུགས་མ་འདྲེན་རྣམ་གྲངས་མཉམ་འགུལ་གྱི་ཞིབ་མཆན་འགོད་པའི་ལམ་སྲོལ་ལག་ལེན་བསྟར་ཡོད། མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་གྱིས་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་སྙན་སེང་2དང་སྙན་སེང་རེའུ་མིག་31ལ་ཞིབ་མཆན་བཀོད་པ་དང་། ཐོ་འགོད་སྙན་སེང་254ཐོ་བཀོད་པ། ལན་སྤྲོད་ཁས་ལེན་ལམ་ལུགས་ཀྱི་རྣམ་གྲངས་5དང་། མཐའ་མཚམས་ས་ཁུལ་གྱི་ཁོར་ཡུག་གདེང་འཇོག་གི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱས་ནས་ཁོར་ཡུག་གདེང་འཇོག་གི་རིམ་པ་དམའ་རུ་གཏོང་བའི་རྣམ་གྲངས་15 ཆག་ཡང་བཏང་བའི་རྣམ་གྲངས་36བཅས་ལག་བསྟར་བྱས་པ། ཚན་པ་3ལ་བཙོག་འབུད་ཆོག་འཐུས་ལག་ཁྱེར་སྤྲད་པ་དང་བཙོག་འབུད་ཚན་པ་11ཐོར་བཀོད་པ་རེད།

ཁྲིམས་ཡོད་ཕྱིན་ངེས་པར་དུ་བརྩི་སྲུང་ཞུ་བ་དང་ཁྲིམས་འཛིན་ལག་བསྟར་ནན་པོ་བྱེད་དགོས། ཁྲིམས་འཛིན་ལྟ་འདོམས་ཀྱི་ཕན་འབྲས་ཆེ་རུ་གཏོང་ཆེད། འདི་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་ཁྲིམས་འགལ་བྱེད་སྤྱོད་སྐོང་འདྲིའི་ལམ་ལུགས་དང་། ཁྲིམས་འཛིན་ཡོངས་བསྒྲགས་ལམ་ལུགས། ཁྲིམས་འཛིན་བརྒྱུད་རིམ་ཧྲིལ་པོའི་ཐོ་འགོད་ལམ་ལུགས། གྱོད་གཞི་ཆེ་གྲས་ལ་ཞིབ་བཤེར་བྱེད་པའི་ལམ་ལུགས། སྲིད་འཛིན་ཆད་གཅོད་ལམ་ལུགས་སོགས་བཟོས་པ་མ་ཟད། ད་དུང་རིམ་ཁག་སྡེ་ཚན་གྱི་སྐྱེ་ཁམས་ཁོར་ཡུག་འགན་འཁྲིའི་གསལ་ཐོ་ཡང་བཟོས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།