གཞི་རིམ་གྱི་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གིས“ཏང་འཛུགས་སྐྱོང+”གི་ལས་ཀའི་རྣམ་པ་ཁྱབ་གདལ་ཤུགས་ཆེན་བཏང་ནས་ཏང་འཛུགས་སྐྱོང་ལས་དོན་དེ་སྐྱེ་ཁམས་སྲུང་སྐྱོང་དང་། འབྲུབ་འགོག་གེགས་སེལ། ཐོན་ལས་འཕེལ་རྒྱས་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཏང་འཛུགས་སྐྱོང་དང་གཞི་རིམ་གྱི་ལས་སྒོ་མཉམ་འདྲེས་འཕེལ་རྒྱས་ཀྱི་དཀའ་གནད་བསལ་ནས་ཏང་འཛུགས་སྐྱོང་གིས་ཕྱོགས་ཡོངས་ལ་སྣེ་ཁྲིད་དེ་གཞི་རིམ་གྱི་ལས་སྒོ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད།

ཏང་འཛུགས་སྐྱོང+སྐྱེ་ཁམས་སྲུང་སྐྱོང་གིས་སྐྱེ་ཁམས་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱས་ཤིང་། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ཏང་ཀྲི་པུའུ་སྡེ་ཚན་དུ་བྱས་ཏེ། ཏང་ཡོན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་། སྔ་རྗེས་སུ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་4800ལྷག་ཙམ་སྒྲིག་འཛུགས་བྱས་ནས“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས”དང་། “འོས་འགན་ཤིང་འཛུགས་ནགས་བཟོ” “རྟེན་འབྲེལ་ཆེ་མོར་བསུ་བ་ཞུས་ནས་དྭངས་གཙང་གི་ཁོར་ཡུག་བཏོད་དེ་གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་གཏོང་བ” “མྱང་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག” “གྲོང་ལྷན་གྱི་ཁོར་ཡུག་མཛེས་སུ་གཏོང་བ་དང་གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བ” “འགྱིག་ཤོག་གད་སྙིགས་གཙང་སེལ”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སྐྱེ་ཁམས་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ཡོད།

ཏང་འཛུགས་སྐྱོང+འབྲུབ་འགོག་གེགས་སེལ་གྱིས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་བྱས་ཤིང་། སྟག་རྩེ་ཤང་དང་མྱང་སྟོད་ཤང་སོགས་ཤང་གྲོང་ཁག་གཅིག་གི་འབྲུབ་འགོག་གེགས་སེལ་གྱི་དུས་བབ་ཛ་དྲག་པར་དམིགས་ནས་རྒྱལ་རྩེ་རྫོང་གི་ཏང་ཡོན་དང་བླངས་པ་240ལྷག་ཙམ་གྱིས་མང་ཚོགས་ཀྱི་མདུན་དུ་སྐྱོད་པ་དང་། ཡུལ་དམག་དང་ཞིང་འབྲོག་མང་ཚོགས་200ལྷག་ཙམ་རིག་གནས་ས་ཚིགས་དང་། X202གཞུང་ལམ་ལམ་རྒྱུད། ལས་ཁུངས་ཀྱི་ཆུ་འབུད་ཡུར་བུ་སོགས་གནོད་འཚེ་ཕོག་ཡུལ་དུ་རོགས་སྐྱོབ་ལ་དཔེ་སྟོན་སྣེ་ཁྲིད་བྱས་པ་དང་། ཆུ་བསགས་གཙང་སེལ་དང་། ལམ་ངོས་སྟོང་པ་རྒྱོང་བ། གཙོ་གནད་ལམ་དུམ་དུ་སྡོད་བྱ་བྱེད་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཏན་ཏིག་ངང་བསལ་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་ཡོད།

ཏང་འཛུགས་སྐྱོང+ཐོན་ལས་འཕེལ་རྒྱས་ཀྱིས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཤིང་། རྒྱལ་རྩེ་རྫོང་གིས་རྫོང་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེ་དང་ཟུང་འབྲེལ་བྱས་ཏེ་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་873བཀོད་སྒྲིག་བྱས་པའི་ནང་ཕྱུག་འགྱུར་སྣེ་ཁྲིད་པ་147དང་། ལག་རྩལ་མཁས་པ་293 ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་འགན་འཁུར་བ་95བཅས་ཡོད་པས་གྲོང་ཚོའི་ལས་བྱེད་པའི་འབབ་འཕར་ཕྱུག་འགྱུར་གྱི་འཇོན་ཐང་སྔར་བས་ཆེ་རུ་ཕྱིན་ཡོད། ཆ་རྐྱེན་ཚང་བའི“ཡོད་པ་གསུམ”གྱི་སྤྱི་དབང་མིན་པའི་ཁེ་ལས་དང་། མཉམ་ལས་ཁང་། སྤྱི་ཚོགས་རྩ་འཛུགས་བཅས་ལ་ཁེར་རྐྱང་གི་ཏང་ཀྲི་པུའུ་36བཙུགས་ནས་ཏང་ཀྲི་པུའུ་བཙུགས་དགོས་རིགས་ལ་བཙུགས་ཐུབ་པ་མངོན་འགྱུར་བྱུང་ཡོད། “ལག་ཁྱེར་རེ་དང་། རེའུ་མིག་རེ། དེབ་རེ”(རྐང་དབང་ལག་ཁྱེར་དང་། རྐང་དབང་ཚད་འབེབས་རེའུ་མིག“ཚོགས་འདུ་གསུམ་གྱི་ཐོ་འགོད་དེབ”)གསར་བཟོ་བྱས་ནས་2020ལོའི་ལོ་འཁོར་དུ་མཉམ་ལས་ཁང་651གིས་ལོ་འཁོར་གྱི་སྙན་ཞུ་ཐོ་འགོད་དང“ཁོག་སྟོང་མཉམ་ལས་ཁང”52ཐོ་སུབ་ལས་དོན་ལེགས་སྒྲུབ་བྱས་པ། མཉམ་ལས་ཁང་651གི་འཁོར་སྐྱོད་ཚད་ལྡན་རགས་ཙམ་མངོན་འགྱུར་བྱུང་ཡོད། འདི་ལོ་ནས་བཟུང་མཉམ་སྡེབ་དཔལ་འབྱོར་གྱི“ཁོག་སྟོང་གྲོང་ཚོ”མེད་པ་བཟོ་བའི་རྨང་གཞིའི་ཐོག་རྫོང་ཡོངས་ཀྱི་མཉམ་སྡེབ་དཔལ་འབྱོར་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཡོང་འབབ་སྒོར་ཁྲི་7890.34ཟིན་ནས་སྒོར་ཁྲི་1070.87བགོ་བགྲེམས་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།