​ལོ་ལྔའི་རིང་ལྷ་ས་གྲོང་ཁྱེར་སྲིད་གྲོས་ཀྱིས་གྲོས་གཞི་ཐོ་འགོད་བྱེད་ཚད90%ལྷག་ཟིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས22ཉིན་གྱི་སྔ་དྲོར། སྲིད་གྲོས་སྐབས་བཅུ་གཅིག་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ལྷག་པ་དོན་གྲུབ་ཀྱིས་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ཏེ། ཚོགས་ཆེན་ཐོག་ལས་དོན་སྙན་ཞུ་གནང་སྐབས་སྲིད་གྲོས་སྐབས་བཅུ་གཅིག་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དུ་ལོ་ལྔའི་རིང་བསྡོམས་པས་གྲོས་གཞི710འབྱོར་བ་དང་། གྲོས་གཞི647ཐོ་འགོད་བྱས་ནས་གྲོས་གཞི་ཐོ་འགོད་བྱེད་ཚད91.13%ཟིན་པ་དང་། གྲོས་གཞི་སྒྲུབ་ཚད100%ཟིན་པ། ཨུ་ཡོན་གྱི་བློ་ཡིད་ཚིམ་ཚད་དང་གཞི་རྩའི་བློ་ཡིད་ཚིམ་ཚད98%ཟིན་ཡོད་ཅེས་གསུངས་པ་རེད།

སྲིད་གྲོས་སྐབས་བཅུ་གཅིག་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཡུའེ་གོ་ཧུང་གིས་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ཏེ། ཚོགས་ཆེན་ཐོག་གྲོས་གཞིའི་ལས་དོན་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་གནང་ཤིང་། ལོ་ལྔའི་རིང་གྲོས་གཞི་དེས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ལ་དམིགས་ནས། དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་རབ་དང་རིམ་པ་ཕུལ་བས། ལྷ་ས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས་པ་རེད། “གྲོང་ཚོའི་ཏང་རྩ་འཛུགས་ཀྱི་བྱ་འགུལ་སྤེལ་ཡུལ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་གྲོས་གཞི”བཏོན་རྗེས། ལྷ་ས་གྲོང་ཁྱེར་ཏང་ཨུ་རྩ་འཛུགས་པུའུ་ཡིས་མལ་གྲོ་གུང་དཀར་རྫོང་ལ་སྔ་རྗེས་སུ་མ་དངུལ་སྒོར་ཁྲི8866.69བསྡུ་སྒྲིལ་བྱས་ཏེ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱ་འགུལ་སྤེལ་ཡུལ22གསར་སྐྲུན་བྱས་པ་དང་། བྱ་འགུལ་སྤེལ་ཡུལ16རྒྱས་སྐྲུན་བྱས་པ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱ་འགུལ་སྤེལ་ཡུལ40ཚད་ལྡན་ཅན་གྱི་འཛུགས་སྐྲུན་བླང་བྱར་ལོན་ནས། གཞི་རིམ་ཏང་ཡོན་དང་མང་ཚོགས་ཀྱིས་བྱ་འགུལ་སྤེལ་བའི་དགོས་མཁོ་བསྐངས་ཡོད།

སྙན་ཞུའི་ཁྲོད་ད་དུང་སྲིད་གྲོས་སྐབས་བཅུ་གཉིས་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་འབྱུང་འགྱུར་ལོ་ལྔའི་ནང་གྲོས་གཞི་རྩིས་སྤྲོད་གྲོས་མོལ་ལམ་སྲོལ་འཚོལ་ཞིབ་བྱས་ཏེ། “ཕན་ཚུན་ངོ་འཕྲད་ནས་གྲོས་གཞི་སྒྲུབ་གཉེར”བྱེད་པ་དང་སྒྲུབ་གཉེར་བྱས་ཟིན་པའི་གྲོས་གཞིར“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་ནས། གྲོས་གཞི་སྒྲུབ་གཉེར་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུའི་གྲོས་འགོ་བཏོན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།