ལྷོ་ཁ་གྲོང་ཁྱེར་གྱིས“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པའི”སྤུས་ལེགས་ཡུལ་སྐོར་ལམ་ཐིག་འོས་སྦྱོར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། 2021ལོའི“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད”ཅེས་པའི“ལྷོ་ཁའི”3+1སྤུས་ལེགས་ཡུལ་སྐོར་ལམ་ཐིག་འོས་སྦྱོར་ཚོགས་འདུ་ལྷོ་ཁ་གྲོང་ཁྱེར་དུ་སྤེལ་ཤིང་། གཅིག་བསྡུས་སྒོས་ཕྱི་ཕྱོགས་སུ་སྤུས་ལེགས་ཡུལ་སྐོར་ལམ་ཐིག4འགྲེམས་སྟོན་བྱས་པ་རེད། གྲོང་ཁྱེར་དེའི་རྫོང་དང་ཆུས་ཁག་གི་ཡུལ་སྐོར་གཙོ་གཉེར་སྡེ་ཚན་དང་དེ་བཞིན་ལྗོངས་ནང་ཁུལ་དང་ཧུའུ་པེ་དང་། ཧུའུ་ནན། ཨན་ཧུའེ་བཅས་བོད་སྐྱོར་ཞིང་ཆེན་གསུམ་གྱི་ཡུལ་སྐོར་ལས་དོན་ཁང70ལྷག་གི་ཡུལ་སྐོར་ལས་གཉེར་བ160ལྷག་མཉམ་དུ་འཛོམས་ནས། མཛེས་ལྗོངས་བརྙན་རིས་ལ་ལྟ་བ་དང་། ཡུལ་དངོས་འཁྲབ་སྟོན། རིག་གནས་གསར་གཏོད་ཐོན་རྫས་སོགས་རྒྱུས་ལོན་བྱས་པ་བརྒྱུད། ལྷོ་ཁའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱད་ཆོས་དང་སྤུས་ལེགས་མཛེས་ལྗོངས་ཁུལ་ཉམས་སུ་མྱངས་ཤིང་། ཐུན་མོང་ཐོག་ཡུལ་སྐོར་ལམ་ཐིག་གི་ཐོན་རྫས་ཇུས་འགོད་བྱས་ཏེ། “དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་དང་ལྷོ་ཁའི་ཡུལ་སྐོར་ལས་དོན་ལ་རམ་འདེགས་བྱ་རྒྱུ་རེད།

འོས་སྦྱོར་ཚོགས་འདུའི་གོང་། ལྷོ་ཁ་གྲོང་ཁྱེར་གྱི་ཡུལ་སྐོར་སྡེ་ཚན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལེགས་པོ་བྱེད་པའི་རྨང་གཞིའི་ཐོག ལྗོངས་ཕྱི་ནང་གི་ཡུལ་སྐོར་ཚོང་པ་གྲགས་ཅན་དང་། དྲ་རྒྱའི་སྨྱན་སྦྱོར། ཡུལ་སྐོར་བྱེད་མཁས་པ་སོགས་སྒྲིག་འཛུགས་བྱས་ཏེ། ལྷོ་ཁ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གི་རིག་གནས་གྲོང་ཚོ་དང་གྲོང་རྡལ། གསར་བརྗེའི་རྗེས་ཤུལ། འཁྱགས་རི་མཚེའུ་སོགས་སྤུས་ལེགས་ཡུལ་སྐོར་བྱ་ཡུལ་དུ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལམ་ཐིག་དུ་བསྐྱོད་པའི་བྱ་འགུལ་སྤེལ་བ་མ་ཟད། “ལོ་ལྔའི་འཆར་གཞི་བཅུ་བཞི་པའིགོ་སྐབས་དམ་འཛིན་བྱེད་པར་དམིགས་ཏེ། ལྷོ་ཁ་གྲོང་ཁྱེར་གྱི་ཡུལ་སྐོར་ཆེན་པོའི་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོསཞེས་པའི་བརྗོད་གཞིར་སྐུལ་འདེད་བཏང་བ་དང་། “3+1”ལམ་ཐིག་དང་རྣམ་གྲངས་འཆར་འགོད། ཐོན་རྫས་ཇུས་འགོད། སྤུས་རྟགས་དྲིལ་སྒྲོག་སོགས་གསར་སྤེལ་དང་ཁྱབ་གདལ་གཏོང་བའི་ཐད་སྤེལ་རེས་གང་མང་བྱས་པ་དང་། གྲོས་འགོ་བསྡུ་ལེན་ཧུར་ཐག་བྱས་པ་རེད།

རྒྱུས་ལོན་པ་ལྟར་ན། “དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད”ཅེས་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ལྷོ་ཁའི་ཡུལ་སྐོར་སྤུས་རྟགས་བཏོད་དེ་ཁོངས་ཡོངས་ཡུལ་སྐོར་དེ་འཐབ་ཇུས་རང་བཞིན་གྱི་གཞི་རྟེན་ཐོན་ལས་སུ་གསོ་སྐྱོང་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ཐེངས་འདིའི་འོས་སྦྱོར་བྱ་འགུལ་ཁྲོད《ཡུལ་སྐོར་ལས་རིགས་ལ་རོགས་སྐྱོར་བྱ་དགའ་སྤྲོད་པའི་བྱ་ཐབས》ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱས་ཤིང་། དེས་ཡུལ་སྐོར་བ་དང་ཡུལ་སྐོར་ལས་དོན་ཁང་། མཛེས་ལྗོངས་ཁུལ། མགྲོན་ཁང་། ཡུལ་སྐོར་འགྲིམ་འགྲུལ་སོགས་ཕྱོགས་སོ་སོའི་ཡུལ་སྐོར་ལས་རིགས་ཁྲོད་ཞུགས་མཁན་ལ་ཕན་ཐོགས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།