དགུན་དུས་ཀྱི་བོད་ལྗོངས་སུ་སྐྱེ་སྟོབས་རབ་ཏུ་རྒྱས་པ།

3.jpg

3.jpg

3.jpg

3.jpg

3.jpg

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་དུས་ཀྱི་བོད་ལྗོངས་སུ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ཏེ། མངའ་རིས་ས་ཁུལ་ནས་ནག་ཆུ་གྲོང་ཁྱེར་ཏེ་བོད་ལྗོངས་ཀྱི་ས་ཆ་སོ་སོར་རི་སྐྱེས་སྲོག་ཆགས་འགུལ་བསྐྱོད་བྱེད་བཞིན་ཡོད་པས། སྐབས་རེར་ལམ་འགྲམ་དུ་འགུལ་བསྐྱོད་བྱེད་པའི་གཙོད་དང་རྐྱང་སོགས་དང་འཕྲད་པར་འགྱུར། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཁྱབ་བསྒྲགས་བྱས་པའི《བོད་ལྗོངས་ཀྱི་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》ཞེས་པ་ལྟར་ན། བོད་ལྗོངས་སུ་སྔོན་ཆད་སྟོངས་ལ་ཉེ་བའི་གཙོད་ཀྱི་ཁྱུ་ཚོགས་དེ་ཁྲི30ཙམ་སླར་གསོ་ཐུབ་པ་བྱུང་། འདི་ནི་ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་གྲུབ་འབྲས་གལ་ཆེན་རེད། 2012ལོ་ནས་བཟུང་བོད་ལྗོངས་ཀྱིས《ཕྱོགས་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་བསྣན་ཏེ་སྦགས་བཙོག་འགོག་བཅོས་ཀྱི་རྒྱལ་ཁ་ལེན་པའི་སྐོར་གྱི་ལག་བསྟར་བསམ་འཆར》དང《མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པའི་སྐོར་གྱི་བསམ་འཆར》《རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པའི་སྐོར་གྱི་ལག་བསྟར་བསམ་འཆར》《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྱོང་སྲོལ་ཡིག》སོགས་ཡིག་ཆ་རབ་དང་རིམ་པ་བཏོན་ནས་ལྟ་ཞིབ་ཚད་ལེན་གྱི་དཔྱད་ཞིབ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་། 2020ལོའི་བར་བོད་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར814བཏང་ཡོད།

མཚོ་བོད་མཐོ་སྒང་ནི“འཛམ་གླིང་གི་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་ལྕོག”ཡིན་པ་མ་ཟད། བོད་ལྗོངས་ནི་ཀྲུང་གོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡང་ཡིན། ངོ་སྤྲོད་ལྟར་ན། ད་ལྟ་བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ11དང་། རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་གྲགས་ཅན4དང་། རྒྱལ་ཁབ་རིམ་པའི་ས་གཤིས་སྤྱི་གླིང3། རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང9། རྒྱལ་ཁབ་རིམ་པའི་བརླན་སའི་སྤྱི་གླིང22བཅས་ཡོད་དེ། རང་བྱུང་སྲུང་སྐྱོང་ཁུལ་གྱིས་བོད་ལྗོངས་ཡོངས་ཀྱི་རྒྱལ་ཁབ་རྒྱ་ཁྱོན་གྱི38.75%ཟིན་ཡོད། བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ1དང་བྱེ་འགྱུར་ས་ཆ་བཀག་སྡོམ་སྲུང་སྐྱོང་ཁུལ5བཙུགས་ནས་བཀག་སྡོམ་བྱས་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི4.8ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།