ཁྲོན་བོད་ལྕགས་ལམ་གྱི་ཞིན་ཏུའུ་ཟམ་པ་ནས་སྤོ་བོའི་བར་གྱི་འཛུགས་སྐྲུན་མགོ་རྩོམ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས20ཉིན། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་ཤེས་གསལ་ལྟར་ན། ཁྲོན་བོད་ལྕགས་ལམ་ཞིན་ཏུའུ་ཟམ་པ་ནས་སྤོ་བོའི་མཚམས་ཀྱི་བཟོ་སྐྲུན་སྔོན་གྱི་དམིགས་འགུགས་ལས་དོན་བདེ་བླག་ངང་ལེགས་འགྲུབ་པ་དང་། ཞིན་ཏུའུ་ཟམ་པ་ནས་སྤོ་བོའི་བར་གྱི་ལམ་ལོ་མཇུག་གི་སྔོན་དུ་སྔ་རྗེས་སུ་འཛུགས་སྐྲུན་ལས་མགོ་རྩོམ་རྒྱུ་རེད།

ཉེ་ཆར་ཁྲོན་བོད་ལྕགས་ལམ་གྱི་ཞིན་ཏུའུ་ཟམ་པ་ནས་སྤོ་བོའི་བར་གྱི་བཟོ་སྐྲུན་སྔོན་གྱི་དམིགས་འགུགས་ལས་དོན་བདེ་བླག་ངང་ལེགས་འགྲུབ་བྱུང་ཞིང་། ཚད་ལྡན་ཨར་སྐྲུན་ཁེ་ལས45དང་ལྟ་སྐུལ་དོ་དམ་ཁེ་ལས24འགན་ཚད་བརྩོན་ལེན་ནང་ཞུགས་ཤིང་། དེའི་ནང་ཨར་ལས་དང་ལྟ་སྐུལ་དོ་དམ་ཁེ་ལས(མཉམ་འབྲེལ་སྒྲིག་གཞི་ཚུད་པ)39ལ་ཨར་ལས་ལམ་དུམ17སྐྲུན་པར་ཆོག་མཆན་ཐོབ་ནས་མིག་སྔར་ཡོངས་བསྒྲགས་བྱེད་བཞིན་པའི་སྒང་རེད། ཡོངས་བསྒྲགས་བྱས་རྗེས་ཁྲོན་བོད་ལྕགས་ལམ་ཀུང་སིས་ཨར་སྐྲུན་ཁེ་ལས་རྩ་འཛུགས་བྱས་ཏེ་ས་ཚིགས་སུ་ཨར་ལས་འཛུགས་སྐྲུན་བྱེད་མགོ་རྩོམ་རྒྱུ་རེད།

རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཁྲོན་བོད་ལྕགས་ལམ་བཟོ་སྐྲུན་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་ལྟར་ན། 2020ལོའི་ཟླ11པར་ལས་མགོ་བཙུགས་པའི“ཕུག་ལམ་གཉིས་དང་ཟམ་པ་གཅིག”(སེ་ར་ཕུག་ལམ་དང་། དར་མདོ་ཕུག་ལམ་གཉིས་པ། རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་བཅས)གི་ལས་དོན་ཕྱོགས14དང2021ལོའི་ཟླ3པར་ལས་མགོ་བཙུགས་པའི་གཡག་རྔ་ནས་ཞིན་ཏུའུ་ཟམ་པ་དང་། སྤོ་བོ་ནས་ཉིང་ཁྲིའི་བར་གྱི་ལམ་དུམ81གི་ལས་དོན་སྤུས་ཚད་ལེགས་པ་དང་ཕན་འབྲས་ལྡན་པའི་སྒོ་ནས་ཨར་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད་པས་བཟོ་སྐྲུན་འཕེལ་རིམ་བདེ་བླག་ཡིན་པ་རེད།

ཁྲོན་བོད་ལྕགས་ལམ་གཡག་རྔ་ནས་ཉིང་ཁྲི་བར་གྱི་གསར་དུ་བསྐྲུན་པའི་ལྕགས་ལམ་ཁྲིན་ཏུའུ་ནས་གཡག་རྔ་བར་གྱི་ལྕགས་ལམ་དང་གཡག་རྔ་འབབ་ཚུགས་བར་དང་མཐུད་ན་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཉིང་ཁྲི་ས་ཚིགས་ཡོད་པ་དང་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ1018ཡོད་པ་རེད། ཐེངས་འདིའི་དམིགས་འགུགས་ལས་གཞི་ཞིན་ཏུའུ་ཟམ་པ་ནས་སྤོ་བོ་རྫོང་བར་གྱི་ལམ་དུམ་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་གཉིས་ཀྱི་ཁོངས་སུ་ཡོད་པ་དང་ལམ་ཐག་སྤྱི་ལེ681ཙམ་ཟིན་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།