མི་དམངས་དངུལ་ཁང་ནག་ཆུ་ལྟེ་བའི་ཉིང་ལག་དངུལ་ཁང་གིས་འཐབ་ཕྱོགས་དང་པོར་བསྐྱོད་དེ་དྲིལ་བསྒྲགས་བྱས་ནས་དམངས་འཚོར་ཕན་བཏགས་པ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ལོ་ནས་བཟུང་། མི་དམངས་དངུལ་ཁང་ནག་ཆུ་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཐོག་མཐའ་བར་གསུམ་དུ་དམངས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་བྱས་ནས་མང་ཚོགས་ཁྲོད་བསྐྱོད་དེ་དངུལ་རྩའི་ཤེས་བྱ་འབྲོག་ཁུལ་དང་། སྡེ་ཁུལ། སློབ་གྲྭ་བཅས་སུ་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་དང་། རྒྱ་ཆེའི་དངུལ་རྩའི་འཛད་སྤྱོད་པའི་ཁྲོད་བསྐྱོད་དེ་ཁེ་དབང་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། ཁོངས་གཏོགས་ཀྱི་དངུལ་རྩའི་རིག་གནས་བྱང་ཚད་མཐོ་རུ་བཏང་སྟེ་འཆམ་མཐུན་དང་གོ་རིམ་ལྡན་པའི་དངུལ་རྩའི་ཁོར་ཡུག་ཧུར་ཐག་ཅིག་བཏོད་པ་རེད།

མི་དམངས་དངུལ་ཁང་ནག་ཆུ་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཇུས་གཞི་དང་འཆར་གཞི་ཡོད་པའི་སྒོ་ནས་དྲིལ་བསྒྲགས་བྱེད་སྒོའི་བརྗོད་བྱ་གཙོ་བོ་གཏན་འཁེལ་བྱེད་པ་དང་། ལྷག་པར་དུ“ཡོང་འབབ་ཁེ་གཙང་དམའ་བའི་མི་ཚོགས”ཀྱི་དངུལ་རྩའི་དགོས་མཁོར་དམིགས་ནས། དངུལ་རྩའི་ཤེས་བྱ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་ཏེ་ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་འཛད་སྤྱོད་པས་ལུགས་མཐུན་གྱི་ཐབས་ལམ་སྤྱད་དེ་རང་ངོས་ཀྱི“དངུལ་ཁུག”སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ནས“ཡོང་འབབ་ཁེ་གཙང་དམའ་བའི་མི་ཚོགས”ཀྱི་དངུལ་རྩའི་ཤེས་བྱ་དང་རྩལ་ནུས་དང་། ཉེན་ཁ་དབྱེ་འབྱེད་དང་འགོག་ཟོན། རང་ངོས་སྲུང་སྐྱོང་གི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཟབ་ཏུ་བཏང་སྟེ་ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་བདེ་འཇགས་བརྟན་ལྷིང་དང་འཕེལ་རྒྱས་ཡོང་བར་སྲུང་སྐྱོང་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།