ལྷ་ས་གྲོང་ཁྱེར་གྱིས་སྟོན་ཀའི་སློབ་དུས་ཀྱི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་པ།

5f58e06d-a20e-4290-a038-15a619951e75.jpg

འདི་ནི་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་འཛིན་མི་སྣས་སློབ་གྲྭའི་ཟ་ཁང་གི་གཙང་སྦྲར་ཞིབ་བཤེར་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ནི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་རྒྱུན་གཏན་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་ལས་དོན་ཁྲོད་ཀྱི་ནང་དོན་གལ་ཆེན་ཞིག་རེད། སློབ་གྲྭ་དང་སློབ་ཕྱིའི་བཟའ་བཅའ་མཁོ་འདོན་ཚན་པའི་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་སྔར་བས་དོན་འཁྱོལ་བྱས་ནས་སློབ་མའི་བཟའ་བཏུང་བདེ་འཇགས་འགན་ལེན་བྱ་ཆེད། ཉེ་དུས། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“ཤུགས་སྣོན་བཞི”མཐའ་འཁྱོངས་བྱས་ཏེ། སྟོན་ཀའི་སློབ་དུས་ཀྱི་སློབ་གྲྭའི་ཟ་ཁང་དང་སློབ་གྲྭའི་ཉེ་འཁོར་གྱི་བཟའ་བཅའི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་ནན་པོ་བྱས་པ་རེད།

གསར་འགོད་པས་ཤེས་རྟོཌ་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྟོན་དུས་ཀྱི་སློབ་འགོ་མ་ཚུཌ་གོང་། 《2021ལོའི་སྟོན་ཀའི་སློབ་དུས་ཀྱི་སློབ་གྲྭའི་བཟའ་བཅའི་བདེ་འཇཌ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཚོགས་ཆུང་བཙུགས་ཏེ། རྫོང་དང་ཆུས་ཁག་གི་ཆེད་དོན་ཞིབ་བཤེར་ལས་དོན་སྤེལ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུའི་འགན་ཁུར་བ་རེད། ལྟ་འདོམས་བྱེད་རིང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་དང་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་སྡེ་ཚན་བརྒལ་བའི“སྐབས་བསྟུན་གཉིས”ཀྱི་མཉམ་འབྲེལ་ཞིབ་བཤེར་བྱས་པ་རེད། རྫོང་དང་ཆུས་ཁག་གི་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁོངས་གཏོཌ་ཁུལ་གྱི་ལྟ་འདོམས་འགན་འཁྲི་གཞིར་བཟུང་། སློབ་གྲྭའི་ཟ་ཁང་དང་དེ་བཞིན་སློབ་གྲྭའི་ཉེ་འཁོར་གྱི་བཟའ་བཅའི་བདེ་འཇཌ་གཉེར་སྐྱོང་དུད་ཚང་གི་བཟའ་བཅའི་བདེ་འཇཌ་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་རེད།

ཤེས་རྟོཌ་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྟོན་ཀའི་སློབ་དུས་ཀྱི་སློབ་གྲྭའི་ཟ་ཁང་དང་སློབ་གྲྭའི་ཉེ་འཁོར་གྱི་བཟའ་བཅའི་བདེ་འཇགས་ཆེད་དོན་ཞིབ་བཤེར་ནི་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཤ་དང་ཤ་བཟོས་ཐོན་རྫས་དང་། དཀར་ཆུའི་ཐོན་རྫས། བཟའ་སྣུམ་སོགས་ཟས་རིཌ་ཀྱི་མ་བཅོས་རྒྱུ་ཆ་དང་རིན་གོང་ཁེ་བའི་ཟས་རིཌ་གཙོ་གནད་དུ་བཟུང་ནས་བྱས་པ་ཞིག་རེད། སློབ་གྲྭ་འབྲིང་ཆུང་ཉེ་འཁོར་གྱི་སྨི་200ཡི་ནང་ཚུན་གྱི་ཟ་ཁང་དང་ཟས་རིགས་ཚོང་ས་ཞིབ་བཤེར་བྱ་ཡུལ་གཙོ་བོར་བཟུང་ནས། སློབ་གྲྭའི་ཟ་ཁང་གི་ལག་ཁྱེར་ལྡན་ཚུལ་དང་། བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་གསོག་ཉར་བྱས་ཚུལ། ལས་སྣོན་བྱས་པའི་མ་དཔེ་བཞག་ཚུལ། ལྟོ་སྣོད་གཙང་འཁྲུད་དང་དུག་སེལ་བྱས་ཚུལ། ཟས་རིཌ་ཀྱི་མ་བཅོས་རྒྱུ་ཆ་དང་སྨན་སྣ་ཉོ་སྒྲུབ་ཞིབ་བཤེར་དང་དཔང་ཡིག་བླངས་ཚུལ། ཟས་རིཌ་སྦྱོར་རྟ་བྱས་ཚུལ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་སོཌ་ལ་ཞིབ་བཤེར་ནན་པོ་བྱས་པ་རེད། ཞིབ་བཤེར་བྱས་ནས་ཤེས་རྟོཌ་བྱུང་བའི་གནད་དོན་རེ་རེ་བཞིན་ལ་དག་ཐེར་གྱི་བསམ་འཆར་བཏོན་པ་མ་ཟད། དུས་བཀག་ནང་དག་ཐེར་བྱེད་དགོས་པའི་བཀའ་བཏང་བ་རེད། ཟླ་9ཚེས་30ཉིན་བར། སློབ་གྲྭའི་ཟ་ཁང་412(བསྐྱར་ཞིབ་ཚུད་པ)ལ་ཞིབ་བཤེར་བྱས་པ་དང་། སློབ་གྲྭའི་ཉེ་འཁོར་གྱི་ཚོང་དུད་2693ལ་ཞིབ་བཤེར་བྱས་པ། བཟའ་བཅའི་བདེ་འཇཌ་ཀྱི་མངོན་མེད་རྐྱེན་ངན་ལྡན་པའི་བཟའ་བཅའ་སྣ་ཁ་3འཚོང་མི་བཅུག་པ། དུས་ཚོད་ཡོལ་བའི་བཟའ་བཅའ་རིཌ7གྱི་ཤོག་སྒམ་57གཞུང་བཞེས་བཏང་བ། དག་ཐེར་བྱེད་དགོས་པའི་བརྡ་ཐོ་28བཏང་བ། ཚོང་དུད་2སྐོང་འདྲི་བྱས་པ་རེད།

གཞན་ཡང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་དེ་བཟའ་བཅའི་བདེ་འཇགས་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་བརྩིས་ཏེ་རྒྱལ་ཡོངས་ཀྱི“སྤུས་ཚད་ཟླ་བའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་བཟའ་བཅའི་བདེ་འཇགས་ཤེས་བྱ་སློབ་གྲྭར་སྤེལ་བའི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱེད་པ་དང་། བཟའ་བཅའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། བཟའ་བཅའི་བདེ་འཇགས་ཤེས་བྱ་ཁྱབ་གདལ་གཏོང་བ། སློབ་མར་ཡོང་ཁུངས་མི་གསལ་བ་དང་། མཚོན་རྟགས་མི་གསལ་བ། སྤུས་ཚད་འགན་ལེན་གྱི་དུས་ཚོད་ཐིམས་པ། བཟའ་བཅའི་ཐུམ་ཤོག་རལ་བ་སོགས་ཀྱི་བཟའ་བཅའ་དང་ཡུན་རིང་བཟས་ན་སློབ་མའི་གཟུགས་གཞི་བདེ་ཐང་ལ་གནོད་པའི་བཟའ་བཅའ་བཟའ་རྒྱུ་མེད་པའི་སློབ་གསོ་ཁྲིད་སྟོན་བྱེད་པ། ཡ་རབས་གསོལ་ལྕོག་གི“ཁས་ལེན་དྲུག”ལག་བསྟར་ཧུར་ཐག་བྱེད་པ། རྒྱས་སྤྲོས་ཆུད་ཟོས་བཀག་འགོག་བྱེད་པ། ལྗང་མདོག་འཛད་སྤྱོད་དར་སྤེལ་གཏོང་བ། ཟ་མ་འོས་འཚམ་ལེན་པ། ཟས་རིགས་འཕྲོ་བརླག་མི་གཏོང་བ་བཅས་བྱས་ནས་བཟའ་བཅའི་བདེ་འཇགས་ཀྱི་འདུ་ཤེས་དང་། ཡ་རབས་བྱ་སྤྱོད་ཀྱི་འདུ་ཤེས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འདུ་ཤེས་བཅས་ཟམ་མི་ཆད་པར་ཟབ་ཏུ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།