བོད་ལྗོངས་ཀྱིས《གེ་སར་སྒྲུང》གི་ལོ་རྒྱུས་སྙན་ངག་སྲུང་སྐྱོང་དང་རྒྱུན་འཛིན་ཐད་གྲུབ་འབྲས་གསར་བ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་གནད་འཁེལ་རིག་གནས་སྨྱན་སྦྱོར་འཕེལ་རྒྱས་ཚད་ཡོད་ཀུང་སི་ཡིས་མྱུར་སྐྱོབ་རང་བཞིན་ངང་ཟིན་ཐོ་བཀོད་པའི《གེ་སར་སྒྲུང》གི་ལོ་རྒྱུས་སྙན་ངག་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ལས་དོན་ཕྱོགས་སྡོམ་ཚོགས་འདུ་ལྷ་ས་ནས་འཚོགས་པ་དང་། ཚོགས་འདུ་ནང་ཞུགས་པའི་གེ་སར་སྒྲུང་གི་སྒྲུང་པ་དང་། ཆེད་མཁས་པ། མཁས་དབང་། ཁེ་ལས་བྱ་གཞག་གི་འཐུས་མི། གེ་སར་སྒྲུང་གི་མྱུར་སྐྱོབ་ལས་དོན་པ་བཅས་མཉམ་དུ་འཛོམས་ནས《གེ་སར་སྒྲུང》གི་ལོ་རྒྱུས་སྙན་ངག་མྱུར་སྐྱོབ་དང་སྲུང་སྐྱོབ། རྒྱུན་འཛིན་བཅས་ཀྱི་ལས་དོན་ལ་མཉམ་དུ་གྲོས་བསྡུར་བྱས་པ་རེད།

《གེ་སར་སྒྲུང》གི་གཏམ་རྒྱུད་ནི་རྒྱ་ཆེ་ཞིང་གཏིང་ཟབ་ལ། ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བང་མཛོད་ནང་གི་འོད་མདངས་བཀྲ་བའི་མཆོག་ནོར་ལྟ་བུ་ཞིག་ཡིན་པ་རེད།《གེ་སར་སྒྲུང》ནི་ཐུན་མོང་མ་ཡིན་པ་དང་གསོན་ཉམས་ལྡན་པའི་ངང་སྒྲུང་པ་ཞིག་གིས་སྒྲུང་བཤད་པའི་རྣམ་པའི་སྒོ་ནས་གནས་ཤིང་། གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། བོད་ལྗོངས་ནག་ཆུའི་མངའ་ཁོངས་སུ《གེ་སར་སྒྲུང》གི་སྒྲུང་པ125ལྷག་ཡོད་པ་རེད།

《གེ་སར་སྒྲུང》གི་རིག་གནས་སྲུང་སྐྱོང་དང་སྔོག་འདོན། རྒྱུན་འཛིན་ཐད་ཀྱི་ནུས་ཤུགས་ཆེ་རུ་གཏོང་ཆེད། ནག་ཆུ་གྲོང་ཁྱེར་གྱིས་སྲིད་གཞུང་གིས་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཞུགས་པ། ཁེ་ལས་ཀྱིས་གསར་གཏོད་བྱེད་པ་བཅས་ཀྱི《གེ་སར་སྒྲུང》མྱུར་སྐྱོབ་ལས་དོན་གྱི་རྣམ་པ་གསར་བ་ཞིག་བཏོད་དེ། བོད་ལྗོངས་གནད་འཕིགས་རིག་གནས་སྨྱན་སྦྱོར་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཕག་རྒྱལ་གྱིས་ངོ་སྤྲོད་ལྟར་ན། མིག་སྔར་ཀུང་སི་ཡིས《གེ་སར་སྒྲུང》གི་མྱུར་སྐྱོབ་དང་ལེགས་སྒྲིག་ལས་དོན་སྤེལ་བཞིན་པའི་སྒང་ཡིན་ལ། ད་ལྟའི་དུས་མཚམས་སུ་དཔེ་དེབ་བདུན་ཕབ་འཇུག་དང་ལེགས་སྒྲིག་བྱས་ཚར་ཞིང་། མ་འོངས་པར་འབྲེལ་ཡོད་དཔྱད་ཡིག་དེབ་དང་སྒྲ་བརྙན། བརྙན་ལམ་སོགས་སུ་ཕབ་འཇུག་དང་ལེགས་སྒྲིག་བྱ་རྒྱུ་ཡིན། དེ་ལྟར་བྱས་ན《གེ་སར་སྒྲུང》གི་ཁྱབ་སྤེལ་སྣ་མང་ཅན་དུ་འགྱུར་བ་མ་ཟད། དེའི་ཁྱབ་སྤེལ་ཁྱབ་ཁོངས་ཀྱང་རྒྱ་ཇེ་ཆེར་འགྲོ་རྒྱུ་རེད་ཅེས་བསྟན། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།