ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས7.2%འཕར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་བོད་ལྗོངས་ཀྱི2021ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་གཅིག་གྱུར་རྩིས་བཤེར་བྱས་འབྲས་གཞིར་བཟུང་། 2021ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1440.35ཟིན་པ་དེ་དུས་མཚུངས་ལས7.2%འཕར་ནས་ལོ་གཉིས་རིང་ཆ་སྙོམས6.7%6.7%འཕར་ཡོད། དེའི་ཁྲོད་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར98.56ཟིན་པ་དེ་དུས་མཚུངས་ལས5.9%འཕར་ནས་ལོ་གཉིས་རིང་ཆ་སྙོམས་3.73.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་537.30ཟིན་པ་དེ་དུས་མཚུངས་ལས1.1%འཕར་ནས་ལོ་གཉིས་རིང་ཆ་སྙོམས6.8%6.8%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར804.49ཟིན་པ་དེ་དུས་མཚུངས་ལས11.6%འཕར་ནས་ལོ་གཉིས་རིང་ཆ་སྙོམས7.3%7.3%འཕར་ཡོད།

སྤྱི་ཡོངས་ནས་བལྟས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག“བརྟན་ཐོག་ཡར་བརྩོན”གྱི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ནས་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སྤྱིར་ན་རྒྱུན་གཏན་ལྟར་སླར་གསོ་ཐུབ་པ་དང་། གྲོང་མིའི་ཡོང་འབབ་མུ་མཐུད་འཕར་བ། དཔལ་འབྱོར་གྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།