བོད་ལྗོངས་ཀྱི་ཉོ་ཚོང་ཚོགས་པ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བཞི་པར་ཞུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས4ཉིན་གྱི་དགོང་མོར། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བཞི་པ་ཧྲང་ཧའེ་རུ་འགོ་ཚུགས་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་འགྲེམས་ཁང་དུ་སྐོར་གཟིགས་གནང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་བོད་ལྗོངས་ཀྱི་ཉོ་ཚོང་ཚོགས་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག བོད་ལྗོངས་ཀྱི་ཁེ་ལས་དང་སྨན་བཅོས་སྒྲིག་གཞི10ལྷག་སྒྲིག་འཛུགས་བྱས་ནས་ནང་འདྲེན་ཉོ་སྒྲུབ་སོགས་ཀྱི་དཔལ་འབྱོར་ཚོང་དོན་སྤེལ་རེས་བྱེད་སྒོ་སྤེལ་བ་རེད། བོད་ལྗོངས་ཀྱི་ཉོ་ཚོང་ཚོགས་པས་ད་དུང་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོའི་ལས་སྟེགས་བརྒྱུད་དེ། བོད་ལྗོངས་ཀྱི“སའི་གོ་ལའི་གླིང་སྣེ་གསུམ་པའི”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་དྲིལ་བསྒྲགས་དང་འོས་སྦྱོར་ཧུར་ཐག་བྱས་པ་དང་། བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་འགྲེམས་འཁྲབ་བྱས་ནས། ལྗོངས་ནང་ཁུལ་གྱི་གྲགས་ཅན་དང་། སྤུས་ལེགས། ཁྱད་ལྡན་བཅས་ཀྱི་ཚོང་ཟོག་གཅིག་སྡུད་འགྲེམས་སྟོན་བྱས་ནས་སྤུས་རྟགས་རིག་གནས་ཀྱི་ནང་དོན་དང་སྣུར་སྲིང་ཐོན་རྫས་སྔར་བས་ཁྱབ་གདལ་བཏང་སྟེ། བོད་ལྗོངས་ཀྱི“སའི་གོ་ལའི་གླིང་སྣེ་གསུམ་པའི”སྤུས་རྟགས་དྲིལ་བསྒྲགས་བྱེད་ཚད་རྒྱུན་མཐུད་ངང་ཆེ་རུ་འགྲོ་བར་སྐུལ་མ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།