པཎ་ཆེན་མཆོག་གིས་བོད་ཀྱི་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་བྱ་འགུལ་དག་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་ནས་ཕྱིར་པེ་ཅིང་དུ་ཕེབས།

༣.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བོད་ལྗོངས་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་དཔོན། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་ཀྱི་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་བྱ་འགུལ་དག་ཕུན་སུམ་ཚོགས་པའི་ངང་མཇུག་འགྲིལ་ཏེ། ཟླ11པའི་ཚེས2ཉིན་གནམ་གྲུར་བཞུགས་ཏེ་བོད་ལྗོངས་ནས་པེ་ཅིང་དུ་ཕྱིར་ལོག་གནང་བ་རེད། བོད་ལྗོངས་སུ་བཞུགས་པའི་སྐབས་སུ་པཎ་ཆེན་རིན་པོ་ཆེས་ལྷ་ས་དང་ནག་ཆུ་ས་གནས་གཉིས་ཀྱི་བྱ་འགུལ་ཁག་ལེགས་འགྲུབ་བྱུང་རྗེས། ཟླ9པ་ནས་བཟུང་གཞིས་ཀ་རྩེར་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་བྱ་འགུལ་སྤེལ་བ་རེད།

༦.png

ཟླ10པའི་ཚེས26ཉིན། པཎ་ཆེན་རིན་པོ་ཆེས་དཀའ་ཆེན་གྱི་ནང་བསྟན་མཚན་གནས་བཞེས་པའི་དམ་བཅའ་བཀྲ་ཤིས་ལྷུན་པོ་དགོན་གྱི་རྡོ་གཅལ་ཆེན་མོར་གཟབ་རྒྱས་ངང་འཚོགས་ཤིང་། བོད་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་དང་དེ་བཞིན་བཀྲ་ཤིས་ལྷུན་པོ་དགོན་གྱི་དགེ་འདུན་པ། དད་ལྡན་མང་ཚོགས་སོགས་མི800ལྷག་བྱ་འགུལ་ནང་ཞུགས་པ་རེད།

༤.png

ཟླ10པའི་ཚེས28ཉིན། པཎ་ཆེན་རིན་པོ་ཆེར་དཀའ་ཆེན་གྱི་ནང་བསྟན་མཚན་གནས་ཐོབ་པར་རྟེན་འབྲེལ་ཞུ་བའི་མཛད་སྒོ་བཀྲ་ཤིས་ལྷུན་པོ་དགོན་དུ་གཟབ་རྒྱས་ངང་འཚོགས་ཤིང་། མཛད་སྒོའི་ཐོག་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བཅས་ཀྱི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་། ལྗོངས་ཏང་ཨུའི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོས་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ཚབ་ཞུས་ནས། པཎ་ཆེན་རིན་པོ་ཆེར་རྟེན་འབྲེལ་ཞུས་པ་མ་ཟད་ཤིས་ཚིག་ཕུལ་བ་རེད། མཛད་སྒོ་མཇུག་འགྲིལ་རྗེས། པཎ་ཆེན་རིན་པོ་ཆེས་ལས་རིགས་ཁག་གི་འབུལ་རྟེན་སྒོར་ཁྲི100བོད་ལྗོངས་མཐའ་མཚམས་ཀྱི་ལས་ཡུལ་དང་པོའི་མང་ཚོགས་ལ་ཞལ་འདེབས་བརྒྱབ་སྟེ། དབུལ་ཐར་འགག་སྒྲོལ་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད་པར་སྤྱོད་རྒྱུ་རེད།

༧.png

གཞིས་ཀ་རྩེར་བཞུགས་པའི་སྐབས་སུ། པཎ་ཆེན་རིན་པོ་ཆེས་བོད་ལྗོངས་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་མགོ་འཛིན་བྱས་ཏེ། ཐེབས་རྩ་ལྷན་ཚོགས་ཀྱི་ལས་དོན་སྙན་སྒྲོན་དང་། ཐེབས་རྩ་ལྷན་ཚོགས་ཀྱི་ཁྲིམས་མི་འགྱུར་ལྡོག་གི་འཆར་ཟིན། མི་དོན་ལེགས་སྒྲིག་གི་འཆར་ཟིན་བཅས་དང་དེ་བཞིན་ཀུན་གསལ་ལུས་རྩལ་ལོ་ཆུང་སློབ་གསོའི་ཆེད་དོན་ཐེབས་རྩའི་འཆར་ཟིན་སོགས་ཀྱི་དོན་དག་ལ་གྲོས་ཞིབ་གནང་བ་རེད། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་པའི་ཚོགས་གཙོའི་ཚོགས་འདུ་ཐེངས་བདུན་པར་མགོ་འཛིན་གནང་ནས། ཉེ་དུས་ཀྲུང་དབྱང་དང་ལྗོངས་ཏང་ཨུའི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད།

༥.png

པཎ་ཆེན་རིན་པོ་ཆེས་ད་དུང་སྔ་རྗེས་སུ་ས་སྐྱ་རྫོང་ལ་ལྷོ་ཆུ་བེད་ལྟེ་གནས་དང་ལེ་ལག་ཚང་བའི་ཆུ་འདྲེན་ཁུལ་གྱི་ལས་གཞི་དང་། བཞད་མཐོང་སྨོན་རྫོང་གི་ཤ་མོ་འདེབས་འཛུགས་རྟེན་གཞི། རྒྱལ་རྩེ་རྫོང་ར་སོག་ཤང་ནུབ་ཁང་གྲོང་ཚོ་སོགས་སུ་རྟོག་ཞིབ་གནང་ནས། ལས་གཞིའི་ཕན་འབྲས་དང་ཐོན་ལས་འཛུགས་སྐྲུན། གྲོང་གསེབ་དར་སྤེལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་གནང་བ་དང་། རྒྱལ་རྩེ་རྫོང་རྫོང་རིའི་དབྱིན་འགོག་གནའ་ཤུལ་ལ་གཟིགས་སྐོར་གནང་བ་དང་ཆབས་ཅིག ཕ་ཡུལ་གྱི་བྱ་གཞག་ཁག་ལ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་གནང་བ་རེད།

༨.png

པཎ་ཆེན་རིན་པོ་ཆེ་མཆོག་གིས་དད་ལྡན་མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་བྱས་ནས་དད་ལྡན་མང་ཚོགས་ཀྱི་དགོས་མཁོ་གང་ལེགས་བསྐངས་ཤིང་། བཀྲ་ཤིས་ལྷུན་པོ་དགོན་དུ《བ་རི་བརྒྱ་རྩ》ཡི་རྗེས་གནང་གནང་བ་དང་ཀུན་བཟང་དབང་འདུས་ལ“དབེན་མགོན་ཆོས་རྗེའི”ཆོས་མིང་བསྩལ་བ་རེད། བསམ་གྲུབ་རྩེ་ཆུས་གསེར་མདོག་ཅན་དགོན་དང་། བསམ་གཏན་རི་ཁྲོད། སྣར་ཐང་དགོན། དར་རྒྱས་སྒྲུབ་སྡེ་དགོན། ལྷ་རྩེ་རྫོང་གི་བྲག་ཁ་ཆེན་དགོན། རྫིང་དགོན། ཤེལ་དཀར་ཤིང་ལུང་དགོན། ངམ་རིང་རྫོང་གི་ཀླུ་ལུང་དགོན། གཏིང་སྐྱེས་རྫོང་གི་གཟར་ཆོས་འཁོར་བདེ་ཆེན་གླིང་དགོན། རིན་སྤུངས་རྫོང་གི་བྱམས་ཆེན་དགོན། པ་སྣམ་རྫོང་གི་དགེ་འཕེལ་གླིང་དགོན་བཅས་སུ་གནས་གཟིགས་དང་འབྲེལ་བཀའ་ཆོས་ཀྱང་གནང་བ་རེད།

༡.png

བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་བསྟན་ཁོ་དང་། ཀྲང་ཡན་ཆིན། མིན་ཞའོ་ལིན། སྒྲུབ་ཁང·ཐུབ་བསྟན་མཁས་གྲུབ། བསོད་ནམས་རིག་འཛིན་སོགས་འབྲེལ་ཡོད་བྱ་འགུལ་ཁྲོད་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།