ཆབ་མདོ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས“དམངས་ཕན་ཁྲལ་སྒྲུབ་ཀྱི་དཔྱིད་རླུང་བྱ་སྤྱོད”ཧུར་ཐག་སྤེལ་བ།

ཀྲུང་ག་བོད་ཀྱི་དྲ་བའི་འཕྲིན། འདི་ལོ་ནི“དམངས་ཕན་ཁྲལ་སྒྲུབ་ཀྱི་དཔྱིད་རླུང་བྱ་སྤྱོད”སྤེལ་བའི་ལོ་8པ་དེ་ཡིན་པ་དང་། ད་བར་ཆབ་མདོ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཁྲལ་འཇལ་བ་དང་གྲོན་འཇལ་བའི་དཀའ་གནད་དོན་ལ་བབས་སར་བྱས་ཏེ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ནས་ཁྲལ་དོན་གྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་སྟེ་ཆབ་མདོ་གྲོང་ཁྱེར་གྱི་ཁེ་ལས་དང་སྒེར་གཉེར་དུད་ཚང་གི་སེམས་ཁྲལ་བསལ་ཡོད།

ཞབས་ཞུའི་བྱེད་ཐབས་ལ་བརྟེན་ནས་ཁྲལ་གྲོན་སྲིད་ཇུས་ཟུར་ཁྲིད་བྱས་པ། ཆབ་མདོ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ“ཞབས་ཞུ་རྣམ་པའི་ལས་ཁུངས”ཀྱི་ངེས་གནས་ནས་འགོ་བཙུགས་ཏེ“ཤེས་དགོས་རིགས་ཤེས་རྟོགས་དང་ལོངས་སྤྱོད་བྱེད་དགོས་རིགས་ལོངས་སྤྱོད་བྱེད་པར”སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་སྲིད་ཇུས་ཀྱི་ཟུར་ཁྲིད་དེ་བས་རིག་ནུས་ལྡན་པ་བྱས་པ་རེད། འདི་ལོ་ནས་བཟུང་སྨྱན་སྦྱོར་གསར་པ་དང་། ཁྲལ་ཁེ་སྤེལ་རེས། “དུད་ཁྱིམ་གཅིག་རྣམ་པའི”ཐབས་ལམ2.0ལ་བརྟེན་ནས་ཕྲན་ཚེགས་ཁེ་ལས་ལ་གཟིགས་སྐྱོང་སྲིད་ཇུས640དང་། ཁྲལ་སྒྲུབ་དྲན་སྐུལ15052 ཉེན་ཁའི་དྲན་སྐུལ416 ཆེད་དོན་སྤ་སེ་གློག་རྡུལ་ཅན་གྱི་སྲིད་ཇུས་དུད་ཚང113113བཅས་ལ་འོས་སྦྱོར་བྱས་པ་རེད།

དམངས་ཕན་བྱེད་ཐབས་ཀྱིས་སྟབས་བདེའི་ཁྲལ་གཉེར་ལ་སྐུལ་འདེད་བཏང་བ། ཆབ་མདོ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས“བྱ་བ་དངོས”ཀྱི་ཐོག་ནས་ཁྲལ་འཇལ་བ་དང་གྲོན་འཇལ་བར་ཕན་པ་ཐོབ་པར་བྱས་ཏེ་བྱ་བ་སྟབས་བདེ་མྱུར་སྒྲུབ་དང་། དཔྱད་གཞིའི་ཡིག་རིགས་ལ་ཐོག་མའི་ཞིབ་བཤེར། རྩིས་ཐོ་འབྲི་མི་དགོས་པ་སོགས་ཀྱི་སྟབས་བདེའི་ཞབས་ཞུ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་རེད།

ཁྲལ་གཉེར་དོན་ཚན་གྱི“ཐེངས་གཅིག་ལས་འགྲོ་མི་དགོས་པའི”གསལ་ཐོ་དང་།“བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་བའི”དོན་ཚན་གྱི་གསལ་ཐོ། “འབྲེལ་གཏུག་རྣམ་པ་མིན་པའི”དོན་ཚན་གྱི་གསལ་ཐོ་བཅས་དོན་འཁྱོལ་ནན་ཏན་བྱས་ནས་བྱ་བ་གཅིག་བརྒྱུད་རིམ་ཧྲིལ་པོར་གཉེར་ཐུབ་པའི་འགན་ལེན་བྱས་ཏེ་ཁྲལ་འཇལ་བ་སྒུག་པའི་དུས་ཚོད་ཐུང་དུ་ཏན་ཏིག་བཏང་ཡོད་ལ། ཁྲལ་གཉེར་དུས་ཚོད་ཀྱང་ཐུང་དུ་བཏང་ཡོད། ཁྲལ་གཉེར་དེ་བས་སྟབས་བདེ་ཡོང་ཆེད། ཆབ་མདོ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཁྲལ་གཉེར་གྱི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པར་བྱས་ནས་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་སྲིད་དོན་ཞབས་ཞུ་ལྟེ་གནས་དང་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་དུ་དམངས་ཕན་ཁྲལ་གཉེར་ཞབས་ཞུའི་ས་ཚིགས་བཙུགས་པས་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཁེ་ལས800ལྷག་ཙམ་དང་། སྨར་ཁམས་རྫོང་ལྷོ་རྒྱུད་ཀྱི་ཤང་གསུམ་གྱི་ཁྲོམ་རའི་བྱེད་པོ500ལྷག་ཙམ་དང་མང་ཚོགས10082བཅས་ལ་ཕན་པ་ཐོབ་ཡོད་པ་རེད།

མིག་སྔར་གྲོང་ཁྱེར་དེ་ཡོངས་ཀྱི་ཁྱབ་ཁོངས་སུ་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་གྱི་སྐད་འཕྲིན་དང་ཞིང་ལས་དངུལ་ཁང་གི་APPལག་ཐོགས་གྲོན་འཇལ་ཞབས་ཞུ་མངོན་འགྱུར་བྱུང་བ་དང་། ཁྲལ་གཉེར་དང་གྲོན་འཇལ་རིཌ224དྲ་ཐོག་ཏུ་གཉེར་ཆོག་པས་ཐབས་ལམ་ཡང་སྔར་བས་རྒྱ་ཆེར་འགྲོ་བཞིན་ཡོད་པ་རེད།

ཁྲལ་མཇལ་བའི་ཡིད་རྟོན་རིམ་པར་གཞིགས་ནས་དངུལ་བུན་བཏང་བ། ཆབ་མདོ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཁྲལ་འཇལ་ཡིད་རྟོན་རིམ་པར་གདེང་འཇོག་གི་ལས་དོན་སྤེལ་བར་བརྟེན་ནས་ཚོང་ལས་དངུལ་ཁང་ཁག་དང་མཉམ་དུ“དངུལ་ཁང་དང་དཔྱ་ཁྲལ་མཉམ་འགུལ”གྱི་ལས་སྟེགས་བཏོད་དེ་ཡིད་རྟོན་རིམ་པAཡི་ཕྲན་ཚེགས་ཁེ་ལས་ལ་དངུལ་བུན་གཡར་ནས་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་བྱེད་དཀའ་བ་དང་། མ་དངུལ་བསྡུ་སྒྲིལ་རིན་གོང་མཐོ་བ། མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་མེད་པ་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ་ཕྲན་ཚེགས་ཁེ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔའི་བར“དངུལ་ཁང་དང་དཔྱ་ཁྲལ་མཉམ་འགུལ”གྱི་ལས་སྟེགས་བརྒྱུད་ཁེ་ལས28ལ་མ་དངུལ་གྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས་དངུལ་བུན་སྒོར་ཁྲི1953.81953.8བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།