བཅོས་སྒྲིག་བྱས་པའི་སྲོལ་རྒྱུན་ཟློས་གར《རྒྱ་བཟའ་ཀོང་ཇོ》རྒྱལ་ཁབ་ཀྱི“ལོ་བརྒྱའི་འཁྲབ་གཞུང་བརྒྱའི”གཙོ་གནད་རོགས་སྐྱོར་འཁྲབ་གཞུང་ནང་ཚུད་པ།

src=http___native.cnr.cn_pic_201210_W020121011572198458334.jpg&refer=http___native.cnr.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། རིག་གནས་དང་ཡུལ་སྐོར་པུའུ་ཡི“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་གར་སྟེགས་ཀྱི་སྒྱུ་རྩལ་བརྩམས་ཆོས་སྤུས་ལེགས་གསར་གཏོད་ལས་གཞི”(ལོ་བརྒྱའི་འཁྲབ་གཞུང་བརྒྱ)སྲོལ་རྒྱུན་གྱི་བརྩམས་ཆོས་སྤུས་ལེགས་བསྐྱར་སྒྲིག་འཆར་གཞིའི་ནང་ཚུད་པ་སྟེ། བཅོས་སྒྲིག་བྱས་པའི་སྲོལ་རྒྱུན་ཟློས་གར《རྒྱ་བཟའ་ཀོང་ཇོ》བོད་རང་སྐྱོང་ལྗོངས་ཟློས་གར་ཚོགས་པའི་ཟློས་གར་སྒྱུ་རྩལ་ལྟེ་གནས་སུ་འགྲེམས་འཁྲབ་བྱས་པ་མ་ཟད། རྒྱལ་ཁབ་ཀྱི“ལོ་བརྒྱའི་འཁྲབ་གཞུང་བརྒྱའི”ཞིབ་བཤེར་རྩིས་ལེན་ཆེད་མཁས་ཚན་ཆུང་གིས་ཞིབ་བཤེར་རྩིས་ལེན་བྱས་པ་རེད།

src=http___www.tibet3.com_d_file_lvyou_wcfq_ys_2019-04-28_1556414531467718.jpg&refer=http___www.tibet3.jpg

ཤེས་གསལ་ལྟར་ན། བཅོས་སྒྲིག་བྱས་པའི་སྲོལ་རྒྱུན་ཟློས་གར《རྒྱ་བཟའ་ཀོང་ཇོ》ནི་བོད་ཀྱི་སྲོལ་རྒྱུན་ཟློས་གར་ཆེན་མོ་བརྒྱད་ཀྱི་དཔེ་མཚོན་འཁྲབ་གཞུང་གི་གྲས་ཡིན་པ་མ་ཟད། བོད་ལྗོངས་ཟློས་གར་ཚོགས་པའི“བོད་ཀྱི་ཟློས་གར་ཆེན་མོ་བརྒྱད”གྲངས་འཛིན་ཅན་དང་གར་སྟེགས་ཅན་གྱི་བརྙན་པར་དཔྱད་གཞིའི་ཡིག་ཆར་ཉར་ཚགས་བྱེད་པའི་ལས་གཞིར་ཚུད་པའི་འཁྲབ་གཞུང་དྲུག་པའང་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།