ཧྲན་ཏུང་གི་ཁེ་ལས་ཀྱིས་གཞིས་ཀ་རྩེ་གྲོང་ཁྱེར་ལ་རིན་ཐང་སྒོར་ཁྲི200ཡི་རིམས་འགོག་སྨན་རྫས་ཀྱི་ཞལ་འདེབས་ཕུལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་ཡོངས་ཀྱི་ས་ཁུལ་མང་པོ་ཞིག་ཏུ་པྲོག་གསར་གློ་ཚད་ནད་དུག་འགོས་མཁན་གསར་པ་ཐོན་པ་དང་། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པའི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནོན་ཤུགས་ཀྱང་དེ་དང་ཆབས་ཅིག་ཏུ་ཆེ་རུ་ཕྱིན་ཡོད། ཧྲན་ཏུང་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་ཁ་གཏད་བོད་སྐྱོར་ཚོགས་འདུའི་དགོངས་དོན་གཞིར་བཟུང་། ཧྲན་ཏུང་ཞིང་ཆེན་གྱི་སྐོར་དགུ་བའི་བོད་སྐྱོར་ལས་བྱེད་པའི་ལྟེ་གནས་ཀྱི་དོ་དམ་ཚན་ཆུང་གིས་ལུའུ་ནན་སྨན་བཟོ་སྡེ་ཚོགས་དང་མཐུན་སྦྱོར་ཧུར་ཐག་བྱས་པ་མ་ཟད། ཧྲན་ཏུང་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་དང་མཉམ་དུ་གཞིས་ཀ་རྩེ་གྲོང་ཁྱེར་སྲིད་གཞུང་ལ་རིན་ཐང་སྒོར་ཁྲི200ཡི་རིམས་འགོག་སྨན་རྫས་ཞལ་འདེབས་སུ་ཕུལ་ཏེ། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲུང་ཡོལ་བརྟན་པོ་འཛུགས་པར་རོགས་རམ་བྱས།

1310262147_16348920378361n.jpg

པར་འདི་ནི་ལུའུ་ནན་སྨན་བཟོ་སྡེ་ཚོགས་ཀྱིས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལ་རིམས་འགོག་སྨན་རྫས་ཞལ་འདེབས་ཕུལ་བའི་ཡུལ་དངོས་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ལུའུ་ནན་སྨན་བཟོ་སྡེ་ཚོགས་ཀྱིས་ཞལ་འདེབས་ཕུལ་བའི་སྨན་རྫས་དེ་རྒྱལ་ནང་གི་ཞིང་ཆེན་མང་པོ་ཞིག་གིས་པྲོག་གསར་གློ་ཚད་སྨན་བཅོས་བྱེད་པའི་འོས་སྦྱོར་སྨན་རྫས་སུ་གཏན་ཁེལ་བྱས་པ་དང་ཆབས་ཅིག་ཏུ《ཧྲན་ཏུང་ཞིང་ཆེན་གྱི2020ལོའི་ཆམ་རིམས་ཀྲུང་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་ཇུས་གཞི》ནང་དུའང་བཅུག་ཡོད།

པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། ཧྲན་ཏུང་གི་སྐོར་དགུ་པའི་བོད་སྐྱོར་ལས་བྱེད་པའི་ལྟེ་གནས་ཀྱི་དོ་དམ་ཚན་ཆུང་དང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ།  མགྱོགས་མྱུར་སྒོས་བྱ་སྤྱོད་སྤེལ་བ་དང་གནད་འཁེལ་ཇུས་འདོན་གྱིས་གཞིས་ཀ་རྩེ་གྲོང་ཁྱེར་ལ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་དང་སྨན་རྫས། སྒྲིག་ཆས་བཅས་འབོར་ཆེན་གྲབས་གསོག་བྱས་པས། བོད་རང་སྐྱོང་ལྗོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་སྔོན་ཐོན་ཐུན་མོང་ལ་བདམས་པ་རེད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།