བོད་ལྗོངས་སུ་ནས་ཀྱི་བཤམས་སྟོན་ཁང་ཐོག་མ་བཙུགས་པ།

微信图片_20211025095752.png

微信图片_20211025095805.png

微信图片_20211025095812.png

微信图片_20211025095752.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནས་ནི་བོད་ལྗོངས་ཀྱི་འབྲུ་རིགས་གཙོ་བོའི་གྲས་ཤིག་ཡིན་ཞིང་། གཞི་གྲངས་གསར་བ་ལྟར་ན། བོད་ལྗོངས་ཀྱི་ནས་ལ་ད་ལྟའི་བར་དུ་ལོ་ངོ3600ལྷག་གི་ལོ་རྒྱུས་ལྡན། མིག་སྔར་བོད་ལྗོངས་ཀྱི“ནས་ཀྱི་ཕ་ས”ཞེས་འབོད་པའི་གཞིས་ཀ་རྩེ་གྲོང་ཁྱེར་དེ་ཡིས་ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ཚོགས་ཆུང་སྐོར་དགུ་པའི་རིག་གནས་བོད་སྐྱོར་གྱི་རྒྱབ་སྐྱོར་འོག་བོད་ལྗོངས་ཀྱིས་ནས་ཀྱི་བཤམས་སྟོན་ཁང་ཐོག་མ་བཙུགས་པ་རེད།

ནས་ཀྱི་བཤམས་སྟོན་ཁང་དེ་གཞིས་ཀ་རྩེ་བསམ་གྲུབ་རྩེ་ཆུས་ལྕགས་འདམ་དེང་རབས་སྐྱེ་ཁམས་ཐོན་ལས་དཔེ་སྟོན་གླིང་ཁུལ་དུ་གནས་ཤིང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2400ཟིན་པ་དང་། བཤམས་སྟོན་ཁང་དུ་རྫ་ཁོག་དང་རྡོ་ཆས། རྨོ་འདེབས་ཡོ་བྱད། ནས་ཐཱན་འགྱུར་འབྲུ་རྡོག ནས་ཀྱི་ས་བོན་སོགས་ཉར་དངོས460ཉར་ཚགས་བྱས་ཡོད་པ་མ་ཟད། བཤམས་སྟོན་ཁང་གིས་ནས་ཀྱི་འབྱུང་ཁུངས་དང་ནས་ཀྱི་ཕ་ས་སོགས་ཀྱི་བརྗོད་དོན་ལྔ་རུ་དབྱེ་སྟེ་ནས་ཀྱི་འབྱུང་ཁུངས་དང་ཁྱབ་ཚུལ། གཞིས་ཀ་རྩེའི་ཐུན་མོང་མ་ཡིན་པའི་ནམ་ཟླའི་ཁོར་ཡུག ནས་ཀྱི་རིགས། འཕེལ་རྒྱས་བརྒྱུད་རིམ། རྨོ་འདེབས་ལམ་ལུགས། འཚོ་བཅུད་རིན་ཐང་སོགས་བསྟན་པ་རེད། གཞན་ད་དུང“བོད་ལྗོངས་ནས་ཀྱི་ཡབ་ཆེན”ཉི་མ་བཀྲ་ཤིས་ཡོན་ཀྲང་གི་ཚན་ཞིབ་གྲུབ་འབྲས་དང་བྱས་རྗེས། ཀྲུང་དབྱང་གིས་བོད་ལྗོངས་ཞིང་ལས་ཐད་བཏོན་པའི་གཟིགས་སྐྱོང་སྲིད་ཇུས་སོགས་ཀྱི་ནང་དོན་ཡང་ཚུད་ཡོད།

བཤམས་སྟོན་ཁང་ནང་དུ་ནས་ཀྱི་ཐོན་རྫས་བཟོ་བའི་ཉམས་ལེན་ཁུལ་དང་ནས་ཀྱི་ཐོན་རྫས་འགྲེམས་ཚོང་ཁུལ་སོགས་ཀྱི་སྒྲིག་ཆས་བཅས་ཡོད་པ་མ་ཟད། རིག་གནས་ཁྱབ་སྤེལ་དང་ཐོན་ལས་འགྲེམས་སྟོན། ཟུང་རྟགས་ཁྱབ་གདལ་སོགས་ཀྱི་ནུས་བ་མང་པོ་ལྡན།

གཞིས་ཀ་རྩེ་ནས་ཀྱི་ཐོན་ཚད་དེ་བོད་ལྗོངས་ནས་ཀྱི་སྤྱིའི་ཐོན་ཚད་ཀྱི48%ཟིན་པས་དེ་ལ“ནས་ཀྱི་ཕ་ས”ཞེས་འབོད་ཀྱིན་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།