ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཚེས19ཉིན་ནས་ཏོག་གསར་རིམས་འགོག་སྣོན་ཁབ་རྒྱག་འགོ་ཚུགས་པ།

77753d24-cc52-4b65-90c3-b1e7da9db512.jpg

འདི་ནི་ཟླ10ཚེས19ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐྱིད་རས་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་སྨན་དོན་མི་སྣས་གྲོང་མིར་ཏོག་གསར་རིམས་འགོག་སྨན་ཁབ་གསུམ་པ་རྒྱག་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཁྲེང་ཀོན་ཆུས་ཀྱིས་ཟླ་10ཚེས་19ཉིན་ནས་ཏོག་གསར་རིམས་འགོག་སྣོན་ཁབ(ཏོག་གསར་རིམས་འགོག་སྨན་ཁབ་གསུམ་པ)རྒྱག་འགོ་ཚུགས་པ་དང་། སྨན་ཁབ་གསུམ་པ་རྒྱག་ཡུལ་ནི་ཏོག་གསར་རིམས་འགོག་སྨན་ཁབ་ཐེངས་གཉིས་གཟེད་ནས་ཟླ་བ་6སོང་བའི་གྲོང་མི་ཡིན་པ་རེད།

མིག་སྔར། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ། རང་སྐྱོང་ལྗོངས་སྨན་རྩིས་ཁང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང(དཔལ་སྡིངས་ཡན་ལག་སྨན་ཁང) ཁྲེང་ཀོན་ཆུས་སྐྱིད་རས་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས། ཀུན་བདེ་གླིང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས། དར་དམར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས། བཅིངས་འགྲོལ་ནུབ་ལམ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་བཅས་སྨན་ཁབ་གསུམ་པ་རྒྱག་ཡུལ་ལ་གཏན་འཁེལ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།