བོད་ལྗོངས་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་སྟོན་ཁའི་མཛེས་ཉམས།

a4942cad-b86c-4229-bddf-ff2752efdc56.jpg

པར་འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་སྟོན་ཁའི་མཛེས་ཉམས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ས་ཁུལ་དུ་སྡོང་འཛུགས་ནགས་སྐྲུན་དང་། རྒྱལ་ཁོངས་ལྗང་སྒྱུར། བྱེ་འགོག་བྱེ་བཅོས་བཅས་ཀྱི་ཐད་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་བ་བརྒྱུད། ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཁུལ་རྒྱུན་མཐུད་ངང་རྒྱ་བསྐྱེད་ཡོད་ཅིང་། ལྷོ་ཁའི “རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་གྲོང་ཁྱེར”གྱི་གྲུབ་འབྲས་ཁག་མུ་མཐུད་མངོན་པ་དང་། ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་སྐྱེ་ཁམས་ཉིན་རེ་བཞིན་མཛེས་སྡུག་ལྡན་པར་གྱུར་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།