པར་འདི་དག་ནི་ཤྭ་སེར་ཡིན།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས20ཉིན། 2021ལོའི་རྫ་ཆུ་དང་མེ་ཀོན་གཙང་པོའི་ལེ་བར་ཁྲི་ལ་བསྐྱོད་པའི་རྒྱལ་ཁབ་ཕྱི་ནང་གི་བྱ་འགུལ་ཆེ་གྲས་ནང་ཞུགས་པའི་སྨྱན་སྦྱོར་ཚོགས་པ་བོད་ལྗོངས་རི་བོ་ཆེ་ཤྭ་སེར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བསྐྱོད་དེ་ཤྭ་སེར་ཁྱུ་ཚོགས་ཀྱི་སྲུང་སྐྱོང་གནས་ཚུལ་ལ་རྒྱུས་ལོན་བྱས།
བོད་ལྗོངས་རི་བོ་ཆེ་ཤྭ་སེར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་ཆབ་མདོ་གྲོང་ཁྱེར་བྱང་རྒྱུད་དང་རི་བོ་ཆེ་རྫོང་གི་ནུབ་རྒྱུད་དུ་གནས་ཤིང་། དེ་ནི་བོད་ལྗོངས་ཤར་རྒྱུད་ནགས་ཁུལ་གྱི་བྱང་ཕྱོགས་ཀྱི་མཐའ་མཚམས་ཡིན། རང་བྱུང་སྲུང་སྐྱོང་ཁུལ་དེ་ནི་ཤྭ་སེར་དང་ཤྭ་སྐྱ། རི་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་གནས། མཚོ་སྔོན་མཐོ་སྒང་གི་རི་མཐོའི་ནགས་ཚལ་དང་ས་མཐོའི་རི་མཐོའི་སྤང་ཐང་བར་བརྒལ་ཁུལ་གྱི་རང་བྱུང་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོང་བྱེད་པ་ལས་དོན་གཙོ་བོར་བཟུང་ནས། ཚན་རིག་ཞིབ་འཇུག་དང་རང་བྱུང་སྲུང་སྐྱོང་སློབ་གསོ། སྐྱེ་ཁམས་ཡུལ་སྐོར་དང་རྒྱུན་མཐུད་བེད་སྤྱོད་བཅས་གཞི་གཅིག་ཏུ་འདུས་པའི་རི་སྐྱེས་སྲོག་ཆགས་རིགས་ཀྱི་རྒྱལ་ཁབ་རང་བཞིན་གྱི་རང་བྱུང་སྲུང་སྐྱོང་ཁུལ་ཆེ་གྲས་ཞིག་ཡིན།
ངོ་སྤྲོད་ལྟར་ན། མིག་སྔར་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲུང་སྐྱོང་མ་ལག་ཅུང་འཐུས་ཚང་ཡིན་པ་དང་། སྲུང་སྐྱོང་དོ་དམ་ས་ཚིགས་བཀོད་སྒྲིག་ཅུང་ལུགས་མཐུན་ཡིན་པས། འཁོར་སྐྱོད་གོ་རིམ་ལྡན་པའི་དོ་དམ་ཅུའུ་དང་སྲུང་སྐྱོང་དོ་དམ་ས་ཚིགས་ཀྱི་དོ་དམ་མ་ལག་ཕལ་ཆེར་གྲུབ་ཡོད། རང་བྱུང་སྲུང་སྐྱོང་ཁུལ་ནང་གི་ཐོན་ཁུངས་སྲུང་སྐྱོང་ནུས་ལྡན་ཡིན་པ་མ་ཟད། སྲུང་སྐྱོང་བྱ་ཡུལ་གཙོ་བོ་དེ་འཇིགས་སྐུལ་ཐེབས་པའི་རྣམ་པ་ལས་ཕལ་ཆེར་ཐར་བ་རེད།
གཞན་ཡང་ཤྭ་སེར་གྱི་གྲངས་འབོར་དུས་རབས20པའི་ལོ་རབས90ཡི་མགོ་གྲངས1200ཙམ་ནས་ད་ལྟའི་མགོ་གྲངས1800ཙམ་ལ་སླེབས་ཡོད། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
བོད་ལྗོངས་མཐོ་སྒང་གི་ཤྭ་སེར།